དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ཁྲེང་ཀོན་ཆུས་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་ཁུལ་ཆུང(བོགས་གཏོང་ཁང་པ)གི་མེ་ཟོན་བདེ་འཇགས་ཚད་ལོན་འཛུགས་གཏོད་ཀྱི་ཡུལ་དངོས་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-05-07

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་ཁུལ་ཆུང(བོགས་གཏོང་ཁང་པ)གི་མེ་ཟོན་བདེ་འཇགས་ཚད་ལོན་འཛུགས་གཏོད་ཀྱི་ཡུལ་དངོས་ཀྱི་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག《ཁྲེང་ཀོན་ཆུས་ཀྱི་ཐོག་བརྩེགས་སྡོད་ཁང་འཛུགས་སྐྲུན་དངོས་པོའི་མེ་ཟོན་བདེ་འཇགས་ཆེད་དོན་བཅོས་སྒྲིག་ལས་དོན་གྱི་ལག་བསྟར་ཇུས་གཞི》སྒྲོག་སྦྱངས་དང་། ཉེ་དུས་ལྗོངས་ཕྱི་ནང་གི་མེ་སྐྱོན་ལས་འཛོལ་གྱི་གྱོད་དཔེ་བརྡ་ཁྱབ་བཏང་བ་དང་འབྲེལ་དབྱེ་ཞིབ་བྱས་པ་རེད། དེ་དང་ཆབས་ཅིག མེ་ཟོན་བདེ་འཇགས་ཀྱི་ལྟ་འདོམས་འགན་འཁྲི་ཆེ་རུ་གཏོང་བ་དང་། རང་གིས་རང་ལ་དོ་དམ་བྱེད་པའི་ནུས་པ་ཆེ་རུ་གཏོང་བ། མེ་ཟོན་དྲིལ་བསྒྲགས་གསོ་སྦྱོང་དང་ནང་སྦྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ལ་དམིགས་ཏེ། སྡོད་ཁང་ཁུལ་ཆུང་དང་བོགས་གཏོང་ཁང་པའི་མེ་ཟོན་བདེ་འཇགས་ཚད་ལྡན་ཅན་དང་ཚད་ལོན་ཅན་གྱི་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་ཁ་གསལ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།