དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས།

    བུད་མེད་ལས་བཟོར་བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས་ཁྱབ་གདལ་སྐོར་གྱི་འཆད་ཁྲིད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-23

    བུད་མེད་ཀྱིས་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་བྱེད་པའི་འདུ་ཤེས་དང་འཇོན་ཐང་སྔར་བས་ཆེ་རུ་གཏོང་བ་དང་རྒྱ་ཆེའི་བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ནུས་ལྡན་བྱ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ལས་ཁུངས་ཀྱི་བཟོ་ཚོགས་ཀྱིས“བུད་མེད་ཀྱི་ཁེ་དབང་ནི་ང་ཚོ་ཚང་མ་དང་འབྲེལ་བ་ཡོད”ཅེས་པའི་བུད་མེད་ཀྱི་བཅའ་ཁྲིམས་ཤེས་བྱ་དང་ཚན་རིག་ཁྱབ་གདལ་སྐོར་གྱི་འཆད་ཁྲིད་བྱས་པ་རེད།

    འཆད་ཁྲིད་བྱེད་རིང་། འཆད་ཁྲིད་དགེ་རྒན་གྱིས་གྱོད་དཔེ་དང་ཟུང་འབྲེལ་གྱིས་ཁ་གསལ་ལ་གོ་བདེ་བའི་སྐད་ཆ་དང་། སྤེལ་རེས་དོགས་སེལ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ། 《བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས》གཙོ་གནད་དུ་བཟུང་བ་དང་། བུད་མེད་ཀྱིས་དོ་ཁུར་བྱེད་པའི་གཉེན་སྒྲིག་དང་། བུ་བཙའ། ལས་ཞུགས། མི་ལུས་དབང་ཆ་སོགས་ཀྱི་ནང་དོན་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་ནས། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་བུད་མེད་ལས་བཟོར་གསོན་ཉམས་དོད་པའི་ཁྲིམས་སྐྱོང་སློབ་ཚན་ཞིག་འཚོགས་པ་རེད། ཚང་མས་ད་ཐེངས་ཀྱི་འཆད་ཁྲིད་བརྒྱུད། རང་ངོས་ཀྱི་ཁེ་དབང་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་ཤེས་བྱ་མང་པོ་ཤེས་བྱུང་ལ། ཁྲིམས་ལྟར་ཁེ་དབང་སྲུང་བའི་འདུ་ཤེས་ཀྱང་ཟབ་ཏུ་ཕྱིན་སོང་། སླད་ཕྱིན་གྱི་འཚོ་བའི་ནང་བཅའ་ཁྲིམས་ལ་བརྟེན་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་གང་ལེགས་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།