དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • དིང་རི་རྫོང་ཁྲིམས་ཁང་གིས།

    ​ཞུ་གཏུག་མ་བརྒྱབ་གོང་བཟའ་ཚང་ཁ་བྲལ་གྱི་རྩོད་གཞི་ཞིག་འདུམ་འགྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-23

    ཉེ་ཆར། དིང་རི་རྫོང་མི་དམངས་ཁྲིམས་ཁང་གིས་ཁ་པར་ནས་ཆུ་ལྷོ་ཤང་གི་ཁྲིམས་དཔོན་དང་འབྲེལ་བ་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་བཟའ་ཚང་ཁ་བྲལ་གྱི་རྩོད་གཞི་ཞིག་ཐག་གཅོད་བྱ་རྒྱུའི་རེ་བ་བཏོན་པ་རེད། ཁ་པར་འབྱོར་རྗེས་འབྲེལ་གཏུག་ཁྲིམས་དཔོན་གྱིས་འཕྲལ་མར་ཆུ་ལྷོ་ཤང་རམ་ཆེན་གྲོང་ཚོར་བསྐྱོད་དེ་ཤང་དང་གྲོང་ཚོའི་འདུམ་འགྲིག་ཨུ་ལྷན་ལ་ས་གནས་ས་ཐོག་ཏུ་མཛུབ་ཁྲིད་བྱས་ནས་རྩོད་གཞི་དེ་འདུམ་འགྲིག་བྱས་པ་རེད།

    ཤེས་རྟོགས་བྱས་པར་གཞིགས་ན། ཁོང་གཉིས་གཉེན་སྒྲིག་བྱས་ནས་ལོ་བཅུ་ལྷག་ཙམ་སོང་བ་དང་འཚོ་བ་དང་གོམས་གཤིས་སོགས་མི་མཐུན་པའི་རྐྱེན་གྱིས་རྒྱུན་དུ་ཁ་རྩོད་ཤོར་གྱི་ཡོད་པ་མ་ཟད། སྒྱུག་མོ་དང་མནའ་མ་ཡང་འཆམ་པོ་མེད། འོན་ཀྱང་བུ་དང་། ཁྱོ་ག པ་ཕ་བཅས་ཡིན་པའི་ནོར་ཆེ་གེ་མོས་སྒྱུག་མོ་དང་མནའ་མར་ཁ་ཏ་བསླབ་བྱ་བྱས་ཀྱང་ཁོང་་གཉིས་ཀྱི་འབྲེལ་བ་ཡག་ཏུ་གཏོང་མི་ཐུབ་པའི་དབང་གིས་གནས་ཚུལ་དེ་ཇེ་སྡུག་ཏུ་སོང་སྟེ་མཐར་ཁྲིམས་ཁང་ལ་ཐུག་པ་ཞིག་རེད།

    བཟའ་ཚང་གི་འགལ་ཟླ་ནི་དོན་ཆུང་ཞིག་མིན་སྟབས་གནས་ཚུལ་ཆུང་ངུ་ནས་དུས་ཐོག་ཏུ་ཐག་གཅོད་ཡག་པོ་མ་ཐུབ་ཚེ་ཁྱིམ་ཚང་དང་ཁྲིམས་བཞིན་བུད་མེད་དང་བྱིས་པའི་ཁེ་དབང་འགན་སྲུང་གི་དོན་ཆེན་ཞིག་ཏུ་འགྱུར་སྲིད། ཁྲིམས་དཔོན་གྱིས་ཁྲིམས་ལུགས་དྲངས་ནས་ཁ་ཏ་བསླབ་བྱ་བྱས་པ་དང་ཤང་དང་གྲོང་ཚོ་རིམ་པའི་འདུམ་འགྲིག་འོག་སྒྱུག་མོ་དང་མནའ་མ་འཆམ་སྟེ་མཐར་བཟའ་ཚང་ཁ་བྲལ་བའི་རྩོད་གཞི་དེ་འདུམ་འགྲིག་ཐུབ་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།