དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • སྣ་དཀར་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས།

    གྱོད་ཐག་བཅད་རྗེས་རྗེས་སྙེག་ལྟ་སྐུལ་བྱས་ནས་གྱོད་འབྲེལ་དངུལ་སྒོར་ཁྲི་27ལྷག་ཙམ་འདེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-23

    ཉེ་ཆར། སྣ་དཀར་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་འདུམ་འགྲིག་གྲོས་མཐུན་བཞག་རྗེས་ལག་བསྟར་མཇུག་འགྲིལ་གྱི་གྱོད་གཞི་ཞིག་ལ་མུ་མཐུད་རྗེས་སྙེག་ལྟ་སྐུལ་བྱས་པས་ལག་བསྟར་བྱ་ཡུལ་གྱི་མི་དེས་གནོན་ཤུགས་ཀྱི་དབང་གིས་ལག་བསྟར་བྱེད་ཆོག་པའི་རྒྱུ་ནོར་གྱི་ཁུངས་སྣེའི་སྙན་ཞུ་ཕུལ་བ་དང་འབྲེལ། ཁྲིམས་ཁང་གིས་བཙན་ཤེད་ཀྱིས་གཏོང་སྤྲོད་བྱས་རྗེས་གྱོད་འབྲེལ་དངུལ་སྒོར་ཁྲི་27ལྷག་ཙམ་ཐེངས་གཅིག་ལ་རྩིས་ཐོར་འབྱོར་ནས་གྱོད་གཞི་དེ་གྲུབ་འབྲས་ཐོབ་པའི་ངང་ཐག་བཅད་པ་རེད།

    ལག་བསྟར་རེ་འདུན་ཞུ་མཁན་སྣ་དཀར་རྩེ་རྫོང་གི་ཀུང་སི་ཞིག་དང་ལག་བསྟར་བྱ་ཡུལ་ཀྲན་ཆེ་གེ་མོའི་དབར་གྱི་གན་རྒྱའི་རྩོད་གཞི་དེ་དོ་བདག་ཕྱོགས་གཉིས་པོའི་དབར་ལག་བསྟར་འདུམ་འགྲིག་གི་གྲོས་མཐུན་བཞག་རྗེས་ལག་བསྟར་རེ་འདུན་ཞུ་མཁན་གྱིས་བཙན་ཤེད་ཀྱིས་ལག་བསྟར་ཕྱིར་འཐེན་བྱས། གྱོད་དོན་དེ་ལག་བསྟར་བྱེད་མཇུག་འགྲིལ་རྗེས་ལག་བསྟར་བྱ་ཡུལ་ཀྲན་ཆེ་གེ་མོས་འདུམ་འགྲིག་གི་གྲོས་མཐུན་ནང་ཁ་ཆད་བྱས་པའི་སྤྲོད་དགོས་པའི་དངུལ་མ་སྤྲད་པས་ལག་བསྟར་རེ་འདུན་ཞུ་མཁན་གྱི་ཞུ་གཏུག་ཐོབ་དབང་ལ་འགན་སྲུང་ནུས་ལྡན་བྱེད་ཐབས་བྲལ།

    “ལག་བསྟར་འདུམ་འགྲིག”ནི་མ་གཞི་ལག་བསྟར་རེ་འདུན་ཞུ་མཁན་གྱི་ཁེ་ཕན་མངོན་འགྱུར་དང་ལག་བསྟར་བྱ་ཡུལ་གྱི་ལག་བསྟར་ནུས་པ་འགན་ལེན་བྱེད་པའི“གཉིས་ཕན”ཐབས་བཟང་ཞིག་རེད། འོན་ཀྱང་གྱོད་གཞི་དེའི་ལག་བསྟར་བྱ་ཡུལ་གྱིས་དེ་ལག་བསྟར་གཡོལ་ཐབས་དང་ནར་འགྱངས་བྱེད་པའི་བྱ་ཐབས་ཤིག་ཏུ་བརྩིས་ཡོད། གཏུག་བཤེར་ཐོབ་མཁན་གྱི་ཁེ་དབང་གང་མགྱོགས་འགན་ལེན་བྱ་ཆེད། འགན་འཁུར་ཁྲིམས་དཔོན་གྱིས་ཕྱོགས་གཅིག་ནས་དུས་ཐོག་ཏུ་ལག་བསྟར་བྱ་ཡུལ་ཀྲན་ཆེ་གེ་མོར་འབྲེལ་གཏུག་བྱས་ནས་རང་འགུལ་ངང་དངུལ་བུན་འཇལ་བའི་འོས་འགན་བསྒྲུབ་པར་སྐུལ་འདེད་བཏང་སྟེ། ཁོ་པར་བཙན་ཤེད་ཀྱིས་ལག་བསྟར་བྱེད་པའི་བཅའ་ཁྲིམས་ཀྱི་མཇུག་འབྲས་གསལ་བཤད་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ལག་བསྟར་རེ་འདུན་ཞུ་མཁན་དང་མཉམ་དུ་ལག་བསྟར་བྱེད་ཆོག་པའི་རྒྱུ་ནོར་གྱི་ཁུངས་སྣེ་བཙལ་བ་རེད། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ལག་བསྟར་བྱ་ཡུལ་གྱིས་བཙན་ཤེད་ཀྱིས་ལག་བསྟར་བྱེད་པའི་གནོན་ཤུགས་དབང་གིས་ལག་བསྟར་བྱེད་ཆོག་པའི་རྒྱུ་ནོར་གྱི་ཁུངས་སྣེ་ཇི་མ་ཇི་བཞིན་འདོན་སྤྲོད་བྱས་པས། གྱོད་གཞི་སྒྲུབ་གཉེར་ཁྲིམས་དཔོན་གྱིས་གྱོད་གཞི་དེ་ལག་བསྟར་སླར་གསོ་བྱས་པ་མ་ཟད། བཙན་ཤེད་ཀྱིས་བཅད་སྤྲོད་བྱས་པའི་ལག་བསྟར་དངུལ་དུས་ཐོག་ཏུ་ལག་བསྟར་རེ་འདུན་ཞུ་མཁན་ལ་གྲངས་ཚང་ངང་བསློགས་པ་རེད།

    ཉིན་གཅིག་གི་དུས་ཚོད་ནང་གྱོད་འབྲེལ་དངུལ་སྒོར་ཁྲི་27ལྷག་ཙམ་ཐེངས་གཅིག་ལ་རྩིས་ཐོར་འབྱོར་བ་དེ་ཐོག་ནས་སྣ་དཀར་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་གྱོད་ཐག་བཅད་ནས་མི་སེམས་རྣལ་ལ་འབེབས་པའི་ཁྲིམས་འཛིན་གྱི་འདུ་ཤེས་ལག་ལེན་བསྟར་བ་དང་བློ་གཅིག་སེམས་གཅིག་གིས་དམངས་ཀྱི་བསམ་ཚུལ་ཆེད་ཞུ་གཏུག་བརྒྱབ་ནས་སྟབས་བསྟུན་དེ་ཁྲིམས་འཛིན་ཁྲིམས་ཁང་ལས་དོན་གྱི་ཐོག་མཐའ་བར་གསུམ་དུ་དངོས་འབྲེལ་ཁྱབ་པར་བྱས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།