དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སྟག་རྩེ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས།

    ཞིབ་དཔྱོད་ཀྱི་འགན་འཁྲི་ཡག་པོ་འཁུར་ནས་སྤྱི་ཚོགས་བཅོས་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-23

    ཉེ་དུས། ཉེན་ཁ་ཆེན་པོས་རླངས་འཁོར་བཏང་བའི་གྱོད་གཞི་ཞིག་ཐག་གཅོད་བྱེད་སྐབས། སྟག་རྩེ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་ལྟ་སྐུལ་གྱི་འགན་ནུས་འདོན་སྤེལ་གང་ལེགས་དང་། ཡང་བའི་ཉེས་གསོག་གྱོད་གཞིའི་གཏན་འཁེལ་ཚད་གཞི་ཁོང་དུ་ཆུད་པར་སྣང་ཆེན་བྱས་པ་མ་ཟད། ད་དུང་ཞུ་གཏུག་མི་རྒྱག་པ་དང་། སྤྱི་ཚོགས་ཀྱི་སྤྱི་ཕན་ཞབས་ཞུ། ཡོངས་བསྒྲགས་དཔང་ཉན་ཚོགས་འདུ། ཞིབ་དཔྱོད་ལས་ཁུངས་ཀྱིས་ཞུ་གཏུག་མི་རྒྱག་པའི་གྱོད་གཞི”བཅས་ཟུང་དུ་འབྲེལ་བའི་ཡང་བའི་ཉེས་གསོག་བཅོས་སྒྲིག་བྱེད་ཐབས་གསར་པ་བཏོད་པ་དང་།“ཆད་གཅོད”དང“བཅོས་སྒྲིག”གལ་ཆེ་མཉམ་འཛིན་མཐའ་འཁྱོངས་ཀྱིས་ཉེས་གསོག་གྱོད་གཞི་ཆུང་གྲས་སྒྲུབ་གཉེར་བྱེད་པ་དེ་ཉེས་ཆད་ཁོ་ན་སྤྱད་པ་ནས་སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་གི་ཕན་འབྲས་ཆེ་རུ་གཏོང་བར་སྒྱུར་བ་བྱས་ཡོད།

    གྱོད་གཞིར་གཞིགས་ནས་སྟག་རྩེ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་གཤམ་གསལ་གྱི་བྱེད་ཐབས་སྤྱད་པ་སྟེ། གཅིག་ནས་ཁྲིམས་ལྟར་ཉེས་དོན་ཞིབ་དཔྱོད་ཀྱི་ཁྲུན་གཅོད་དབང་ཆ་ཚད་ལྡན་དུ་བཏང་ནས་གྱོད་གཞི་སྟབས་བདེ་དང་ཞིབ་ཚགས་ངང་སྒྲུབ་ཅིང་། གྱོད་གཞིའི་ཉེས་གསོག་དོགས་ཅན་གྱི་ཁྲག་ནང་ཨ་རག་གི་ཉིང་ཁུ་འདུས་ཚད་ཅུང་ཉུང་བ་དང་། ཉེས་གསོག་གནས་ཚུལ་དེ་ཙམ་ཚབས་ཆེན་པོ་མེད་པ། ཉེས་གསོག་གནས་ཚུལ་གཞན་མེད་པ། ནག་ཉེས་ངོས་ལེན་ཞུ་བའི་རྣམ་འགྱུར་ཡག་པོ་ཡོད་ན་ཞིབ་དཔྱོད་ཁང་གིས་ཞུ་གཏུག་མི་རྒྱག་པའི་གཏན་འབེབས་བྱས་ཡོད། གཉིས་ནས་གྱོད་གཞིའི་འབྱུང་རྐྱེན་དང་འགལ་ཟླའི་འབྱུང་ཁུངས་ལ་དབྱེ་ཞིབ་བྱེད་པར་དོ་སྣང་བྱས་ཏེ་གྱོད་གཞི་ཐག་གཅོད་བྱས་ཡོད། ཡོངས་བསྒྲགས་ངང་དཔང་ཉན་བྱས་པ་བརྒྱུད་ཉེས་དོན་གྱོད་གཞི་ཆུང་ངུར་ཞུ་གཏུག་མི་རྒྱག་པར་མཐོང་ཐུབ་པ་དང་གོ་བདེ་ཤེས་སླའི“ཡོངས་བསྒྲགས་དཔང་ཉན”གྱི་བྱ་ཐབས་སྤྱད་དེ། ཞིབ་དཔྱོད་གྱོད་སྒྲུབ་ཡོངས་བསྒྲགས་དང་ཁ་གསལ་ཡོང་བར་ཤུགས་སྣོན་བརྒྱབ་སྟེ་ཞིབ་དཔྱོད་ལས་དོན་ཡོངས་བསྒྲགས་དང་། ཁྲིམས་འཛིན་དྲང་གཞག་འགན་ལེན། ཁྲིམས་འཛིན་གྱི་མོས་སེམས་ཆེ་རུ་འགྲོ་བ་བཅས་བྱས་ཡོད། གསུམ་ནས་སྤྱི་ཚོགས་ཀྱི་སྤྱི་ཕན་ཞབས་ཞུ་སྤེལ་ནས་ཡང་བའི་ཉེས་གསོག་བཅོས་སྒྲིག་གི་ལས་དོན་ལེགས་པར་བསྒྲུབས་ཡོད། ཡང་བའི་ཉེས་གསོག་གྱོད་གཞིའི་ཉེས་གསོག་དོགས་ཅན་པས་ཆང་འཐུང་འཁོར་གཏོང་གཏན་འགོག་བྱེད་པའི་འོས་འགན་དྲིལ་བསྒྲགས་པ་བྱས་ནས། “གྱོད་དཔེར་བརྟེན་ནས་ཁྲིམས་ཤོད་པ་དང་དྲིལ་བསྒྲགས་ཤོག་བྱང་སྤྲོད་པ”ཟུང་དུ་འབྲེལ་བའི་རྣམ་པར་བརྟེན་ནས་རང་འགུལ་ངང་མི་ཚོགས་མང་བའི་ཁྲོམ་གཞུང་དུ་བསྐྱོད་དེ། མང་ཚོགས་ལ“ཆང་འཐུང་འཁོར་གཏོང་བྱེད་མི་ཆོག་པའི”དྲིལ་བསྒྲགས་བྱས་ཡོད། བྱེད་སྟངས་འདི་ནི་ཉེས་གསོག་དོགས་ཅན་ལ་ནོར་འཁྲུལ་ཡོ་བསྲང་བྱེད་པའི་གོ་སྐབས་སྤྲད་པ་ཞིག་ཡིན་ལ། ཉེས་གསོག་དོགས་ཅན་པས་སྤྱི་ཚོགས་བཅོས་སྐྱོང་གི་འགན་འཁྲིའི་བསམ་པ་ཆེ་རུ་གཏོང་བ་དང་སློབ་གསོ་དང་བློ་འགུག་གི་ནུས་པ་ཐོན་ཡོད། བཞི་ནས་ཞུ་གཏུག་མི་རྒྱག་པའི་ལས་དོན་མུ་མཐུད་སྤེལ་བ་དང་ཞུ་གཏུག་མི་རྒྱག་པའི་གྱོད་གཞིར“ཆད་པ་མི་གཅོད་པའི”འགན་འཁྲི་བདའ་འདེད་ཀྱི་ཞན་ཆ་སེལ་ཆེད། ཞིབ་དཔྱོད་ཁང་གིས་ཞུ་གཏུག་མི་རྒྱག་པའི་གཏན་འབེབས་བྱས་རྗེས་གྱོད་གཞིའི་གནས་ཚུལ་འཕྲལ་མར་ཞིབ་དཔྱོད་ཁང་གི་སྲིད་འཛིན་ཞིབ་དཔྱོད་ལ་རྩིས་སྤྲད་པ་མ་ཟད། སྤྱི་བདེ་ལས་ཁུངས་ལ་ཞིབ་དཔྱོད་བསམ་འཆར་ཡི་གེ་དུས་ཐོག་ཏུ་བཟོས་ནས་བཀྲམ་སྟེ། སྲིད་འཛིན་ལས་ཁུངས་ཀྱི་དོན་འཁྱོལ་གནས་ཚུལ་ཤེས་རྟོགས་བྱས་ཡོད།

    ད་ཐེངས་ཐག་གཅོད་བྱུང་བའི་གྱོད་གཞི་དེ་ནི་སྟག་རྩེ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཡང་བའི་ཉེས་གསོག་བཅོས་སྒྲིག་ཁྱབ་ཁོངས་ཀྱི་འཚོལ་ཞིབ་གསར་པ་ཞིག་ཡིན་ལ། ཉེས་དོན་གྱོད་གཞི་སྒྲུབ་གཉེར་བྱེད་པའི་ཕན་འབྲས་སྤྱི་ཚོགས་བཅོས་སྐྱོང་གི་ཕན་འབྲས་སུ་བསྒྱུར་བའི་ཐབས་ལམ་གསར་པ་ཞིག་རེད། གོམ་སྟབས་རྗེས་མར་ཞིབ་དཔྱོད་ཁང་གིས་ཡང་བའི་ཉེས་གསོག་བཅོས་སྒྲིག་བྱེད་ཐབས་མུ་མཐུད་འཚོལ་ཞིབ་དང་། མཉམ་ལས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། གྱོད་གཞི་མགྱོགས་མྱུར་སྒྲུབ་པ་དང་ཡག་པོ་སྒྲུབ་པར་སྐུལ་འདེད་གཏོང་བ། “ཆད་པ་མི་གཅོད་པའི”འགན་འཁྲི་བདའ་འདེད་ཀྱི་ཞན་ཆ་སེལ་བ། ཡོངས་བསྒྲགས་དང་ཁ་གསལ་གྱི་དཔང་ཉན་བྱེད་ཐབས་མུ་མཐུད་སྤྱོད་པ། སྤུས་ཚད་མཐོ་པོས་ཡང་བའི་གྱོད་གཞི་ཚང་མ་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཚོས་གཞུང་དྲང་དྲང་བདེན་ཚོར་ཐུབ་པ་བྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།