དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • མཚོ་སྨད་རྫོང་སྤྱི་བདེ་ཅུས་ཀྱིས་མི་2བཟུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-23

    ཟླ་2ཚེས་25ཉིན། ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་སྤྱི་བདེ་ཅུས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་གྱོད་གཞི་ཞིག་བདེ་བླག་ངང་རྩད་བཅད་དེ་ཁྲིམས་འགལ་ཉེས་གསོག་དོགས་ཅན་2བཟུང་བ་དང་ཆབས་ཅིག་གྱོད་འབྲེལ་དངུལ་སྒོར་7935.11བསྡམས་བཅད་བྱས་པ་དང་། མགོ་སྐོར་བཏང་བའི་དངུལ་སྒོར་30000ཚུར་བླངས་པ་རེད།

    2023ལོའི་ཟླ་6པར། མཚོ་སྨད་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་ལ་སྒོར་39950མགོ་སྐོར་ཐེབས་སོང་ཞེས་པའི་ལང་ལགས་ཀྱི་གྱོད་དོན་སྙན་སེང་འབྱོར་བ་རེད། རུ་ཆེན་དེས་མྱུལ་ཞིབ་ཞིབ་ཚགས་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་གྱིས་རྒྱུས་མངའ་མེད་པའི་ཁ་པར་ལ་འཕྲིན་ཐུང་བསྐུར་ནས་ཕར་ཕྱོགས་ལ་འབྲེལ་ཡོད་APPཕབ་ལེན་བྱེད་དུ་བཅུག་སྟེ་དངུལ་མང་པོ་སྤྲད་ན“ཧ་ཅང་གསལ་བའི་མཛེས་མ”བལྟ་ཐུབ་པ་མ་ཟད། ད་དུང་དངུལ་མི་སྒེར་གྱི་རྩིས་ཁྲར་བསློགས་ནས་ཁེ་བཟང་སྤྲོད་པར་ཁ་གཡར་ནས་ཉེས་གསོག་བྱེད་སྤྱོད་སྤེལ་ཏེ་གནོད་འཚེ་ཕོག་མཁན་ལ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་བརྒྱབ་པ་རེད། ཉེས་གསོག་དོན་དངོས་དང་དཔང་རྟགས་མང་པོ་ལས་ཧྥེང་ཆེ་གེ་མོ(གསང་མིང)དང་དབྱང་ཆེ་གེ་མོར(གསང་མིང)ཉེས་གསོག་གི་དོགས་པ་ཚབས་ཆེན་ཡོད་པ་ར་འཕྲོད་ཐུབ་པས། མྱུལ་ཞིབ་མི་དམངས་ཉེན་རྟོག་པ་མགྱོགས་མྱུར་ཧྲང་ཧའེ་གྲོང་ཁྱེར་དང་ཡུན་ནན་ཞིང་ཆེན་དུ་ཁོ་གཉིས་འཛིན་པར་བསྐྱོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉེས་གསོག་དོགས་ཅན་ཧྥེང་ཆེ་གེ་མོ་དང་དབྱང་ཆེ་གེ་མོས་མི་གཞན་ལ་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྤེལ་བ་ཤེས་བཞིན་དུ་སྔར་བཞིན་རང་བདག་དངུལ་ཁང་གཱ་མི་གཞན་ལ་ཁྲིམས་འགལ་ཉེས་གསོག་གི་དངུལ་སྤོ་སྒྱུར་ལ་མཁོ་འདོན་བྱས་པ་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》དོན་ཚན་སུམ་བརྒྱ་བཅུ་གཉིས་པའི་གཏན་འབེབས་ལས་འགལ་བ་ཞིག་རེད། མིག་སྔར། ཧྥེང་ཆེ་གེ་མོར་ཉེས་དོན་བཙན་ཤེད་བྱ་ཐབས་སྤྱད་པ་དང་། དབྱང་ཆེ་གེ་མོར་ཁ་ཏ་སློབ་གསོ་བཏང་ཡོད། གྱོད་གཞི་དེ་སྔར་བས་སྒྲུབ་གཉེར་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།