དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ཕག་རི་མཐའ་མཚམས་མངགས་གཏོང་ཁང་གིས།

    “འགན་ལེན་བཞི”ལ་བརྟེན་ནས་མཐའ་མཚམས་ཁོངས་གཏོཌ་ཁུལ་གྱི་བདེ་འཇགས་འགོག་སྲུང་འཛིང་རགས་ནུས་ཤུགས་ཡོད་རྒུས་བརྟན་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-23

    འདི་ནི་མི་དམངས་ཉེན་རྟོག་པས་མང་ཚོགས་ལ་ཁ་བསླུས་འགོག་རྒོལ་གྱི་APPཕབ་ལེན་བྱེད་སྟངས་སློབ་བཞིན་པ།

    ཉེ་ཆར། གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཕག་རི་མཐའ་མཚམས་མངགས་གཏོང་ཁང་གིས་བརྟན་ལྷིང་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། “འགན་ལེན་བཞི”ལ་བརྟེན་ནས་ཉེན་ཁ་སྔོན་འགོག་དང་། མངོན་མེད་རྐྱེན་ངན་སེལ་བ། དུས་བདེ་འགན་ལེན། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་བྱ་ཐབས་ཁག་དོན་འཁྱོལ་ནན་པོ་དང་། ཞིབ་ཚགས། ཏན་ཏིག་བཅས་བྱས་ནས་མཐའ་མཚམས་ཁོངས་གཏོགས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་དང་དུས་བདེ་སྲུང་སྐྱོང་གི་ཟངས་གྱང་ལྕགས་རྩིག་བརྟན་དུ་བཏང་ཡོད།

    སྔོན་ནས་ཇུས་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་དོན་གཉེར་ལས་དོན་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་ཏན་ཏིག་བྱས་ཤིང་། མངགས་གཏོང་ཁང་གིས་མཐའ་མཚམས་ཁོངས་གཏོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་དོ་དམ་ཚོད་འཛིན་གྱི་ལས་དོན་གཙོ་གནད་དུ་བྱེད་པ་དང་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཚད་ལས་དོན་གྱི་ཚད་གཞིར་བཟུང་སྟེ། “རུ་ཁག་གཉིས་དང་མངགས་གཏོང་ཁང་གཅིག”གི་ཉེན་དོན་འཁོར་སྐྱོད་བྱེད་སྟངས་ཀྱི་ནུས་པ་གང་ལེགས་བཏོན་ནས་མི་དམངས་ཉེན་རྟོག་པ་སྡེ་ཁུལ་དང་། སློབ་གྲྭ ལས་ཡུལ་བཅས་སུ་བརྟག་ཞིབ་དང་འདྲི་རྩད་ལ་མངགས་ནས་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་ཤེས་རྟོགས་དང་དཀའ་ངལ་དང་རེ་ཞུ་ཉན་འཇོག་བྱས་ཡོད། བརྟག་ཞིབ་དང་འདྲི་རྩད་བྱེད་རིང་ཤེས་རྟོགས་བྱུང་བའི་མངོན་གསལ་དོད་པའི་གནད་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་དང་། ལས་དོན་གྱི་བྱེད་ཐབས་ཞིབ་ཕྲ་བཟོ་བ། ལས་འགན་ཁག་བགོས་དང་། ཉེན་རྟོག་པའི་སྟོབས་ཤུགས་ཁག་བགོས། ལས་དོན་སྒྲུབ་ཕྱོགས་བཅས་ཁ་གསལ་བཟོས་ནས་ལས་དོན་ཁག་བདེ་འཇགས་དང་། གོ་རིམ་ལྡན་པ། ལས་ཕྱོད་ཆེ་བ་བཅས་ཀྱི་སྒོ་ནས་སྤེལ་བར་འགན་ལེན་ཏན་ཏིག་བྱས་ཡོད།

    མཉམ་འགོག་མཉམ་སྡོམ་དང་སྟོབས་སྒྲིལ་མཉམ་བཅོས་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་བཅོས་སྐྱོང་གི་སྤུས་ཚད་དང་ཕན་འབྲས་གཉིས་ཀ་གོང་འཕེལ་ཡོང་བའི་འགན་ལེན་བྱས་ཤིང་། མངགས་གཏོང་ཁང་གིས་བཅའ་སྡོད་ཁུལ་གྱི་ཏང་ཨུད་དང་སྲིད་གཞུང་དང་མཉམ་འགོག་མཉམ་སྡོམ་གྱི་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་ནས་མཉམ་འགོག་མཉམ་སྡོམ་དཔུང་ཁག་གི་གཅིག་སྡུད་སྦྱོང་བརྡར་གྱི་ལས་འགན་རང་འགུལ་ངང་ཁུར་ཡོད། གཞན་ཡང་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་སྒྲིག་འཛུགས་ཐེངས་མང་བྱས་ཏེ། བཅའ་སྡོད་ཁུལ་གྱི་ཏང་ཨུད་དང་སྲིད་གཞུང་དང་མཉམ་དུ་ཁོངས་གཏོགས་ཁུལ་དུ་རྐང་ཐང་མར་སྐོར་གཡེང་བྱས་པ་དང་། ཁོངས་གཏོགས་ཁུལ་གྱི་མ་ལམ་གཙོ་བོ་དང་སློབ་གྲྭའི་མཐའ་འཁོར་སོགས་མི་མང་འཛོམས་སར་སྐོར་གཡེང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་། སྟོབས་ཤུགས་གཅིག་སྒྲིལ་དང་མཉམ་བཅོས་ལས་དོན་གྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་སྟེ། མཐའ་མཚམས་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་བཏང་ཡོད།

    ཕྱོགས་ཡོངས་ནས་གྲལ་བཤེར་དང་རྡུང་རྡེག་བཅོས་སྒྲིག་བྱས་ཏེ་མངོན་མེད་རྐྱེན་ངན་གྲལ་བཤེར་གཏིང་ཟབ་དང་ཏན་ཏིག་ཐུབ་པའི་འགན་ལེན་བྱས་ཤིང་། སྤྲོ་གསེང་རོལ་རྩེད་བྱ་ཡུལ་དང་། མགྲོན་ཁང་། གསོལ་མགྲོན་ཁང་བཅས་ཞིབ་བཤེར་བྱ་ཡུལ་གཙོ་བོར་བྱེད་པ་དང་། ཚན་རིག་དང་མཐུན་པའི་ངང་ཉེན་རྟོག་པ་སྒྲིག་འཛུགས་ཀྱིས་གློག་མིག་གི་བརྙན་ལམ་དང་། ཁྲོམ་གཞུང་། སྡེ་ཁུལ་བཅས་ལ་སྐོར་ཞིབ་བྱས་ཡོད། གཞན་ཡང་ཚོང་དུད་དང་ཁང་གླ་ལེན་མཁན་གྱིས་གློག་སྐུད་གང་བྱུང་དུ་ཁྲིད་པ་དང་། སྒྲིག་འགལ་དངོས་རྫས་འཚོང་བ། མེ་གསོད་བགྲོད་ལམ་བཟུང་བ་སོགས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་བ་དང་། ཉེན་རྟོག་པ་གཏོང་ཚད་དང་སྐོར་གཡེང་བྱེད་ཐེངས་མང་དུ་བཏང་སྟེ། ཤེས་རྟོགས་ཐུབ་པའི་གནད་དོན་དུས་ཐོག་ཏུ་བཅོས་སྒྲིག་དང་ཐག་གཅོད་ནན་པོ་བྱས་ཡོད།

    ཁྲིམས་སྐྱོང་དྲིལ་བསྒྲགས་མི་སེམས་ལ་ཟུག་པར་བྱས་ནས་ཁྲིམས་ལུགས་ཁྱབ་གདལ་གྱི་རྨང་གཞི་བརྟན་དུ་གཏོང་བའི་འགན་ལེན་བྱས་ཤིང་། མངགས་གཏོང་ཁང་གིས་སྡེ་ཁུལ་དང་། སློབ་གྲྭ ཚོང་ཁང་སོགས་སུ“མི་རིགས་སྐད་ཡིག”ཐོག་ནས་བཅའ་ཁྲིམས་ཁྱབ་གདལ་སློབ་གསོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་། མི་དམངས་ཉེན་རྟོག་པས་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་དང་། བརྡ་སྦྱོར་སྦྱོར་བ། དོགས་ནད་སེལ་བ། གྱོད་དཔེ་དྲངས་ནས་ཁྲིམས་ཤོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། སློབ་འགོ་ཚུགས་པའི་དུས་ཚིགས་དང་ཞིང་ལས་ཚུགས་པའི་དུས་སུ་མང་ཚོགས་ལ་སློབ་གྲྭའི་བརྙས་བཅོས་སྔོན་འགོག་དང་། དྲ་རྒྱ་དང་གློག་འཕྲིན་གྱི་ཁ་བསླུས་སྔོན་འགོག་བྱེད་སྟངས། དུག་འགོག་སོགས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ་མ་ཟད། ས་ཡུལ་དངོས་སུ་མང་ཚོགས་ཀྱི་ལག་ཐོགས་ཁ་པར་ནང“ཁ་བསླུས་འགོག་རྒོལ་གྱི་APP”ཕབ་ལེན་བྱེད་རོགས་ཀྱང་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།