དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • སྦྲ་ཆེན་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས།

    སྒྲིག་ཆས་དང་ཡོ་བྱད་ཀྱི་སྤུས་ཚད་དང་ནུས་པར་ཚད་ལེན་ཚོད་ལྟ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-23

    ཉིན་ཤས་གོང་། སྦྲ་ཆེན་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་སྒྲིག་ཆས་དང་ཡོ་བྱད་ཀྱི་ནུས་པར་ཚད་ལེན་ཚོད་ལྟ་དང་དེ་བཞིན་ཐོན་རྫས་ཀྱི་སྤུས་ཚད་དཔྱད་བསྡུར་གཏན་འཁེལ་བྱས་པ་རེད།

    ད་རེས་ཀྱི་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འཁེལ་བྱེད་རིང་། དངོས་འཐབ་ཀྱི་བླང་བྱ་ལྟར་ཆུ་མདའ་དང་། ཆུ་སྦུག སྲོག་ཐར་གློག་སྐས་སོགས་ཀྱི་ནུས་པར་ཁྱོན་ཡོངས་ནས་ཤེས་རྟོགས་ཞིབ་ཕྲ་བྱས་ཤིང་། ཐོན་རྫས་ཀྱི་སྤུས་ཚད་ས་གནས་ས་ཐོག་ཏུ་དཔྱད་བསྡུར་གཏན་འཁེལ་བྱས་པ་དང་། ལག་ཐོགས་ཁ་པར་ནས་མེ་ཟོན་ཐོན་རྫས་ཀྱི་རྩ་གཉིས་ཨང་རྟགས་བཤེར་ཏེ་ཀྲུང་གོ་མེ་ཟོན་ཐོན་རྫས་ཀྱི་ཆ་འཕྲིན་དྲ་ཚིགས་བརྒྱུད་མེ་ཟོན་ཐོན་རྫས་ཀྱི་ཐོན་ཡུལ་དང་། མིང་། རིགས་གྲས། སྤྱོད་གོ་སོགས་ཀྱི་ཆ་འཕྲིན་བཙན་ཤེད་རང་བཞིན་གྱི་ཐོན་རྫས་ཀྱི་དཔང་འཛིན་ནམ་ལག་རྩལ་གསལ་འབྱེད་ལག་ཁྱེར་དང་གཅིག་མཚུངས་ཡིན་མིན་བསྡུར་བ་དང་ཆབས་ཅིག ཚོད་ལྟའི་གནས་ཚུལ་ཟིན་ཐོར་བཀོད་ནས་དངོས་འཐབ་ལ་བརྟེན་པ་དང་ཡོ་བྱད་དང་སྒྲིག་ཆས་ཀྱི་ཕན་འབྲས་དངོས་གང་ལེགས་འདོན་རྒྱུར་བློས་འཁེལ་བའི་གྲངས་གཞི་ཇི་མ་ཇི་བཞིན་མཁོ་འདོན་བྱས་པ་མ་ཟད། མེ་ཟོན་རོགས་སྐྱོབ་མི་སྣས་རོགས་སྐྱོབ་ལས་འགན་སྒྲུབ་སྐབས་སྒྲིག་ཆས་ཀྱི་ཕན་འབྲས་ཆེ་ཤོས་འདོན་ཐུབ་པར་བྱས་ཏེ་མེ་གསོད་རོགས་སྐྱོབ་ཀྱི་རྨང་གཞི་ཕྱོགས་ཡོངས་ནས་བརྟན་དུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།