དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས།

    དཔྱིད་དུས་མེ་སྐྱོན་སྔོན་འགོག་ལས་དོན་མུ་མཐུད་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-23

    དཔྱིད་དུས་ནི་ནགས་ཚལ་གྱི་མེ་སྐྱོན་ཐོན་སླ་བ་དང་ཐོན་མང་བའི་དུས་ཚིགས་ཤིག་རེད། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཉེན་ཁ་སྔོན་འགོག་དང་ཁ་གཏད་གཅོག་ཆེད། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་དཔྱིད་དུས་མེ་སྐྱོན་སྔོན་འགོག་ལས་དོན་མུ་མཐུད་སྤེལ་ཞིང་། སྐོར་གཡེང་སྲུང་སྐྱོང་དང་། དྲིལ་བསྒྲགས་སློབ་གསོ། མེ་མཆེད་ཁུངས་ལ་དོ་དམ་ཚོད་འཛིན་སོགས་ཀྱི་བྱེད་ཐབས་སྤྱད་ནས་མང་ཚོགས་ཀྱི་མེ་སྐྱོན་སྔོན་འགོག་གི་འདུ་ཤེས་ཟབ་གཏོང་དང་མེ་སྐྱོན་ཐོན་ཚད་ཉུང་དུ་བཏང་སྟེ་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་ནུས་ལྡན་བྱས་པ་རེད།

    ཤེས་རྟོགས་བྱུང་བ་ལྟར་ན། དཔྱིད་དུས་ཡུལ་སྐོར་བྱེད་མཁན་མང་བར་གཞིགས་ཏེ་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་མེ་སྐྱོན་སྔོན་འགོག་གི་ལས་སྒྲུབ་ཡན་ལག་རུ་ཁག་མང་པོ་མངགས་ཏེ་འགག་འཛུགས་ཞིབ་བཤེར་དང་། ཡོ་བྱད་ཁྱེར་ནས་སྐོར་སྲུང་། ནགས་ཁྲོད་ཀྱི་འབར་སླ་བའི་ཅ་དངོས་གཙང་སེལ་སོགས་བྱས་པ་རེད། དེ་དང་ཆབས་ཅིག་ལས་སྒྲུབ་ཡན་ལག་རུ་ཁག་གིས་ད་དུང་མཛེས་ལྗོངས་ཁུལ་དུ“དམངས་ཀྱི་དཀའ་གནད་སེལ་རོགས་ལས་གནས”བཙུགས་ཏེ་དཀའ་ངལ་འཕྲད་པའི་ཡུལ་སྐོར་བར་དུས་ཐོག་ཏུ་རོགས་སྐྱོར་ཡག་པོ་བྱས་པ་རེད།

    སྤྱི་ཁྱབ་རུ་ཁག་དེའི་འབྲེལ་ཡོད་འགན་འཁུར་བས། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ལས་དོན་རྒྱུན་མཐུད་ཡག་པོ་བསྒྲུབས་ཏེ། བོད་ལྗོངས་ཀྱི་ནགས་ཚལ་དང་རྩྭ་ཐང་ཐོན་ཁུངས་དང་། དེ་བཞིན་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན། དུས་མཚུངས་སུ་རྒྱ་ཆེའི་མང་ཚོགས་མེ་སྐྱོན་སྔོན་འགོག་དང་དྲིལ་བསྒྲགས་ཀྱི་ལས་ཀར་ཧུར་ཐག་ཞུགས་ཏེ་མཛེས་ཤིང་ལྟ་ན་སྡུག་པའི་གངས་ལྗོངས་ས་མཐོ་མཉམ་དུ་སྲུང་སྐྱོང་བྱ་རྒྱུའི་འབོད་སྐུལ་ཡང་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།