དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་འཇོ་མདའ་རུ་འབྲིང་གིས།

    ཆུ་འཐེན་འཕྲུལ་འཁོར་བདག་སྐྱོང་དང་སྒྲིག་སྦྱོར་གྱི་སྦྱོང་བརྡར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-23

    མེ་ཟོན་རུ་མིས་ཡོ་བྱད་སྐོར་གླེང་མོལ་བྱེད་བཞིན་པ།

    མེ་ཟོན་རུ་མིས་གཙང་པོ་ནས་ཆུ་འདྲེན་བཞིན་པ།

    མེ་ཟོན་རུ་མིས་མེ་གསོད་བཞིན་པ།

    མེ་ཟོན་རུ་མིས་མེ་ཟོན་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།

    མེ་ཟོན་རུ་མིས་ཆུ་གཏོར་ཡོ་བྱད་སྒྲིག་བཞིན་པ།

    ཉིན་ཤས་གོང་། ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་འཇོ་མདའ་རུ་འབྲིང་གིས་ཆུ་འཐེན་འཕྲུལ་འཁོར་བདག་སྐྱོང་དང་དེ་བཞིན་སྒྲིག་སྦྱོར་གྱི་སྦྱོང་བརྡར་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རུ་མི་ཚོའི་བཀོལ་སྤྱོད་བྱེད་ནུས་ཆེ་རུ་དང་མི་རྐྱེན་ལས་བྱུང་བའི་སྐྱོན་ཉུང་དུ་གཏོང་ཆེད། རུ་འབྲིང་དེའི་རྐང་འཛིན་པས་ཆུ་འཐེན་འཕྲུལ་འཁོར་གྱི་ནུས་པའི་དཔྱད་གྲངས་དང་། སྤྱིར་བཏང་གི་སྐྱོན་སེལ། རྒྱུན་གཏན་གྱི་བདག་སྐྱོང་། དོ་སྣང་བྱེད་དགོས་རིགས་སོགས་ལ་འགྲེལ་བཤད་བརྒྱབ་པ་རེད། དེ་དང་ཆབས་ཅིག་འཇོ་མདའ་རུ་འབྲིང་གིས་ད་དུང་རང་བྱུང་ཆུ་ཁོངས་སུ་བསྐྱོད་དེ་ཆུ་འཐེན་འཕྲུལ་འཁོར་སྒྲིག་སྦྱོར་བྱེད་སྟངས་སྦྱངས་ཤིང་། ཆུ་འཐེན་འཕྲུལ་འཁོར་བཀོལ་སྤྱོད་བྱེད་པ་དང་འཕྲུལ་འཁོར་འཇོག་ས་ཡག་ཤོས་འདེམས་སྟངས་སོགས་གཙོར་བཟུང་སྟེ་དངོས་སྦྱོང་བྱས་ཏེ་དངོས་འཐབ་ཀྱི་ནུས་པ་ཆེ་རུ་བཏང་བ་རེད། ཆུ་འཐེན་འཕྲུལ་འཁོར་བདག་སྐྱོང་དང་སྒྲིག་སྦྱོར་བྱེད་སྟངས་སྦྱངས་པ་བརྒྱུད། འཇོ་མདའ་རུ་འབྲིང་གི་བཀོད་འཐབ་པའི་དངོས་འཐབ་ཀྱི་ནུས་པ་ཆེ་རུ་ཕྱིན་ནས། གོམ་སྟབས་རྗེས་མར་ནགས་རྩྭ་ཅུས་ཀྱི་ནགས་སྲུང་བར་གཞོགས་འདེགས་བྱས་ནས་མེ་ཟོན་མེ་གསོད་ཀྱི་ལས་འགན་སྒྲུབ་ཕྱིར་རྨང་གཞི་ཡག་པོ་བཏིང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།