དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • རྒྱལ་ཁབ་ཀྱི་ལས་རིགས་ཚད་གཞི་ཁག་111སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་ནས་བསམ་འཆར་བསྡུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-23

     ཉེ་ཆར། གསར་འགོད་པར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ནས་ཤེས་རྟོགས་བྱུང་བར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི《དུས་རབས་གསར་པའི་རྩལ་ནུས་ཆེ་བའི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》ནང་བཏོན་པའི“རྒྱལ་ཁབ་ཀྱི་ལས་རིགས་ཚད་གཞི་དང་། ལས་རིགས་ཁེ་ལས་ཀྱི་གདེང་འཇོག་ཚད་གཞི། ཆེད་དོན་ལས་རིགས་འཇོན་ཐང་དཔྱད་ཞིབ་ཚད་གཞི་སོགས་ལས་གྲུབ་པའི་རིམ་པ་མང་བ་དང་ཕན་ཚུན་འབྲེལ་མཐུད་ཀྱི་ལས་རིགས་ཀྱི་ཚད་གཞིའི་མ་ལག་འཐུས་ཚང་དུ་གཏོང་དགོས་པའི”བླང་བྱ་ལག་བསྟར་དོན་འཁྱོལ་བྱ་ཆེད། ཉེ་ཆར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་རྒྱལ་ཁབ་ཀྱི་ལས་རིགས་ཚད་གཞི་ཁག་111སྒྲིག་འཛུགས་བྱས་ནས་གསར་སྤེལ་བྱས་པའི་ནང་། རླངས་འཁོར་ཐོན་སྐྱེད་བཟོ་གྲྭའི་བཟོ་པ་དང་། བདེ་སྲུང་སྙོམས་སྒྲིག་པ། ཁེ་ལས་ཀྱི་མི་ཤུགས་ཐོན་ཁུངས་དོ་དམ་པ། ཞིང་ལས་ལག་རྩལ་པ། གློག་རྫས་ཐོན་སྐྱེད་བཟོ་པ་སོགས་ཚུད་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་ཀྱི་ལས་རིགས་ཚད་གཞིས་ལས་རིགས་དེ་དག་གི་ལས་རིགས་གནས་ཚུལ་མདོར་བསྡུས་དང་། ལས་རིགས་རྩལ་ནུས་ཀྱི་རིམ་པ། ལས་རིགས་ཁོར་ཡུག་གི་ཆ་རྐྱེན། ལས་རིགས་གསོ་སྦྱོང་གི་བླང་བྱ། ལས་རིགས་ཀྱི་ཀུན་སྤྱོད་སོགས་ལ་བླང་བྱ་ཁ་གསལ་བཏོན་ཡོད།

    སྤྱི་ཚོགས་ལས་རིགས་ཁག་གི་བསམ་འཆར་དང་གྲོས་འགོ་ཡག་པོ་བསྡུ་ཆེད། མིག་སྔར། རྒྱལ་ཁབ་ཀྱི་ལས་རིགས་ཚད་གཞི་ཁག་111རྩལ་ནུས་ཤེས་ལྡན་པའི་གདེང་འཇོག་ལས་དོན་དྲ་བར་ཡོངས་བསྒྲགས་བྱས་པ་དང་། ཡོངས་བསྒྲགས་བྱེད་མཚམས་འཇོག་པའི་དུས་ཡུན་ནི་ཟླ་4ཚེས་25ཉིན་བར་རེད། གལ་ཏེ་བསམ་འཆར་དང་གྲོས་འགོ་ཡོད་ཚེ། ཡོངས་བསྒྲགས་ཀྱི་བླང་བྱ་ལྟར་དུས་ཐོག་ཏུ་བསམ་འཆར་འདོན་ཆོག་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།