དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • ཧྲེན་ཀྲེན་ནས་ཀྲུང་ཧྲན་བགྲོད་ལམ་གྱི་ཟམ་ཆེན་ལས་གྲྭའི་ཐེག་ཚད་ཚོད་ལྟ་ལེགས་གྲུབ་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-23

    འདི་ནི་ཟླ་4ཚེས་17ཉིན་གྱི་དགོང་མོ་ལིང་ཏིང་རྒྱ་མཚོའི་ཟམ་ཆེན་ཐོག་མི་འགུལ་ཐེག་ཚད་དང་འགུལ་བའི་ཐེག་ཚད་ཚོད་ལྟ་བྱེད་བཞིན་པ།

    འདི་ནི་ཧྲེན་ཀྲེན་ནས་ཀྲུང་ཧྲན་བགྲོད་ལམ་གྱི་ལིང་ཏིང་རྒྱ་མཚོའི་ཟམ་ཆེན་ཡིན་པ།

    ཉེ་ཆར། ལྗིད་ཚད་ཏུན་5000ཙམ་ཡོད་པའི་ཟོག་འདྲེན་རླངས་འཁོར་ཆེ་གྲས་136ཐེག་པའི་ཚོད་ལྟ་བྱས་པ་བརྒྱུད། ཀྲུང་གོ་འགྲིམ་འགྲུལ་མཚོ་འགྲུལ་ཅུས་གཉིས་པས་བསྐྲུན་པའི་ཧྲེན་ཀྲེན་ནས་ཀྲུང་ཧྲན་ལམ་ཆེན་གྱི་ལིང་ཏིང་རྒྱ་མཚོའི་ཟམ་ཆེན་གྱི་ཐེག་ཚད་ཚོད་ལྟ་ལེགས་གྲུབ་བྱུང་བ་དེ་ནི་འཛམ་གླིང་ཐོག་མཚོ་སྒྲོལ་འཕྲེད་བཅད་དཔྱང་ཟམ་ཐོག་ལེགས་གྲུབ་བྱུང་བའི་ཐེག་ནུས་ཚོད་ལྟ་ཐོག་མ་དེ་རེད།

    ཐེག་ནུས་ཚོད་ལྟ་ནི་ཟམ་ཆེན་ཐོག་འཁོར་རིགས་ཤར་གཏོང་མ་བྱས་གོང་ངེས་པར་དུ་བརྒྱུད་དགོས་པའི་འགག་རྩའི་ལྷུ་ཚིགས་ཤིག་ཡིན་པ་དེར་མི་འགུལ་ཐེག་ཚད་ཚོད་ལྟ་དང་འགུལ་བའི་ཐེག་ཚད་ཚོད་ལྟ་གཉིས་ཡོད་ཅིང་། རླངས་འཁོར་ཤར་གཏོང་ཐུབ་རྗེས་ཀྱི་ཐེག་ཚད་གནས་ཚུལ་འདྲ་བཟོ་བྱས་པ་བརྒྱུད། ས་གནས་ས་ཐོག་ཏུ་ཟམ་པའི་ཆ་ཤས་ཁག་གི་གྲངས་གཞི་ཚད་ལེན་ཚོད་ལྟ་བྱས་ནས། ཟམ་པའི་ཐེག་ནུས་ཇུས་འགོད་ཀྱི་བླང་བྱ་དང་དེ་བཞིན་འབྲེལ་ཡོད་ཚད་ལྡན་བླང་བྱ་དང་མཐུན་མིན་བརྡར་ཤ་བཅད་དེ་སླད་ཕྱིན་གྱི་ཡུན་རིང་སྐྱོན་བྲལ་གྱི་ལྟ་ཞིབ་ཚད་ལེན་ལ་ཐོག་མའི་གྲངས་གཞི་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།