དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ས་སྐྱ་རྫོང་གིས།

    གྲོང་གསེབ་སྨན་པའི་འཇོན་ཐང་ཆེ་རུ་གཏོང་བའི་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-23

    ཉེ་ཆར། ས་སྐྱ་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་རྫོང་ལྟེ་བའི་སྨན་ཁང་གིས་གྲོང་གསེབ་ཀྱི་སྨན་པའི་འཇོན་ཐང་ཆེ་རུ་གཏོང་བའི་གསོ་སྦྱོང་ཚོགས་འདུ་སྒྲིག་འཛུགས་བྱས་ནས་འཚོགས་པར་ཁྱོན་གྲོང་གསེབ་སྨན་པ་200ལྷག་ཙམ་གསོ་སྦྱོང་ནང་ཞུགས་ཡོད་པ་རེད།

    ད་རེས་ཀྱི་གསོ་སྦྱོང་ནང་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་དང་། རྫོང་ལྟེ་བའི་སྨན་ཁང་། རྫོང་སྨན་རྩིས་ཁང་། རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་སོགས་ཚན་པའི་ལས་ཀའི་ཉམས་མྱོང་ཕུན་སུམ་ཚོགས་པའི་རིགས་གཅིག་མཁས་ཅན་དང་སྨན་དོན་མི་སྣ་11གདན་དྲངས་ཏེ་གསོ་སྦྱོང་ནང་ཞུགས་མཁན་སློབ་མ་ཡོངས་ལ་སློབ་ཚན་ཁྲིད་ཅིང་། གསོ་སྦྱོང་གི་ནང་དོན་ཐད་ཁྲག་ཤེད་མཐོ་བ་འགོག་བཅོས་དང་། སྙིང་ནུས་ཉམས་པའི་བརྟག་དཔྱད། སྨན་པའི་ཀུན་སྤྱོད་འཛུགས་སྐྱོང་། རྒྱུན་མཐོང་ནད་རིགས་སྐོར་གྱི་བོད་སྨན་གྱི་བརྟག་བཅོས། གྲོང་གསེབ་སྨན་པའི་ལས་འགན་ཁག་6 སྨན་བཅོས་ཟོག་རོ་དོ་དམ། ཕྱི་ནད་ཚན་ཁག་ཏུ་མ་འབྱོར་གོང་གི་མྱུར་སྐྱོབ། དམངས་ཕན་སྲིད་ཇུས་འགྲེལ་བཤད། ལས་གཉེར་རྒྱུགས་ལེན་སོགས་དང་འབྲེལ་བ་ཡོད་པ་མ་ཟད། ད་དུང་ལས་གཉེར་རྒྱུགས་ལེན་གྱི་གྲུབ་འབྲས་ཚད་ལོན་པའི་གྲོང་གསེབ་སྨན་པ་15ལ་ལས་སྒྲུབ་ཐོབ་ཐང་ལག་ཁྱེར་ཡང་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།