དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲིམས་སྒྱུར་ཁྲིམས་འཛིན་ལས་ཁུངས་ཀྱིས“དོན་ཚན་ཉི་ཤུ་པར”མཉམ་དུ་གྲོས་བསྡུར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-23

    ཉེ་ཆར། སྣེ་གདོང་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཆུས་སྤྱི་བདེ་ཅུས་དང་། ཆུས་མི་དམངས་ཁྲིམས་ཁང་། ཆུས་ཁྲིམས་འཛིན་བཅས་ཀྱི་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་ཀྱི་ཁྲིམས་རྩོད་པ་གདན་དྲངས་ནས། 《ཁྲིམས་ལྟར་ལུགས་མཐུན་འགོག་སྲུང་ལམ་ལུགས་སྤྱོད་པའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》མཉམ་དུ་སློབ་སྦྱོང་བྱས་པ་དང་འབྲེལ་བགྲོ་གླེང་ཡང་བྱས་པ་རེད།

    བཅའ་ཁྲིམས་ཀྱི་དབང་གྲགས་གང་ནས་བྱུང་བ་རེད་དམ། ཉེས་ཁྲིམས་དོན་ཚན་ཉི་ཤུ་པར་གོ་བ་ཡང་དག་ལེན་པ་དང་བེད་སྤྱོད་ཇི་ལྟར་བྱེད་དགོས་སམ། ལག་ལེན་ཁྲོད་ལུགས་མཐུན་འགོག་སྲུང་དང་རྐང་བཙུགས་ནས་གནོད་འཚེ་གཏོང་བའི་དབྱེ་མཚམས་ཇི་ལྟར་འབྱེད་དགོས་སམ། ཁྲིམས་འཛིན་ལས་དོན་པ་ཞིག་གི་ངོས་ནས་ཇི་ལྟར་བྱས་ཏེ་གྱོད་གཞི་ཚང་མ་སྤུས་ཚད་མཐོ་པོས་གཉེར་ཏེ། མི་དམངས་མང་ཚོགས་ཀྱིས་དྲང་གཞག་དྲང་བདེན་ཚོར་ཐུབ་པ་བྱེད་དགོས་སམ། 《ཁྲིམས་ལྟར་ལུགས་མཐུན་འགོག་སྲུང་ལམ་ལུགས་སྤྱོད་པའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》ཐུན་མོང་ཐོག་སློབ་སྦྱོང་བྱས་རྗེས། ཚོགས་ཞུགས་པ་ཚོས་གཏམ་བཤད་ཧུར་ཐག་སྤེལ་བ་དང་རང་ཉིད་ཀྱི་ལྟ་སྟངས་བརྗོད་དེ་གྱོད་གཞི་ཞིབ་གཅོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས“ལུགས་མཐུན་འགོག་སྲུང”གི་ཆ་རྐྱེན་དང་། དབྱེ་མཚམས་འབྱེད་པ། དཔང་རྟགས་ལེན་པ་དང་དབྱེ་ཞིབ། ཁྲིམས་འགྲེལ་བཤད་བཅས་ཀྱི་ཐོག་ནས་གྲོས་བསྡུར་བྱས་པ་རེད། བགྲོ་གླེང་དང་སློབ་སྦྱོང་བྱས་པ་བརྒྱུད། ཚང་མར་ཁྲིམས་འཛིན་གྱོད་སྒྲུབ་ཐད་ངོས་འཛིན་གསར་པ་བྱུང་བ་དང་། “བཅའ་ཁྲིམས་ཀྱིས་ཁྲིམས་འགལ་ལ་བསམ་ཤེས་བྱེད་མི་ཐུབ་པའི”ཐད་བསམ་ཤེས་དང་ངོས་འཛིན་སྔར་ལས་གཏིང་ཟབ་བྱུང་ཡོད།

    《“དོན་ཚན་ཉི་ཤུ་པ”》ཞེས་པའི་གློག་བརྙན་ལས་ཞིབ་དཔྱོད་ལས་དོན་ལ་བླང་བྱ་དེ་བས་མཐོ་བ་བཏོན་པ་དང་ལུགས་མཐུན་འགོག་སྲུང་དང་རྐང་བཙུགས་ནས་གནོད་འཚེ་གཏོང་བའི་དབྱེ་བ་ཇི་ལྟར་འབྱེད་དགོས་པའི་ཐད“ངས་གཏུག་བཤེར་བྱེད་པའི”གྱོད་སྒྲུབ་ཀྱི་འདུ་ཤེས་དང་དོ་བདག་གི་ཕྱོགས་ནས་རང་ཉིད་ཀྱིས་བསམ་བློ་གཏོང་དགོས། སྐད་ཆ་ཤོད་བདེ་ཡང་ལག་ལེན་བསྟར་ཁག་པོ་ཡོད། མི་གཅིག་གིས་མི་གཞན་གྱི་ཚབ་བྱས་ནས་གནད་དོན་ལ་བསམ་གཞིག་བྱེད་ཁག་པོ་ཡོད། དེར་བརྟེན་དཔང་རྟགས་འཚོལ་བསྡུ་བྱེད་སྐབས་ང་ཚོས་བྱ་སྤྱོད་སྤེལ་མཁན་གྱི་རང་ངོས་ཀྱི་བསམ་བློའི་ཐོག་ནས་དཔང་རྟགས་འཚོལ་བསྡུར་སྣང་ཆེན་བྱེད་དགོས”“ལུགས་མཐུན་འགོག་སྲུང་གི་ངོ་བོ་ནི་དམངས་ཀྱིས་ཁྲིམས་འགལ་གྱི་གནོད་འཚེར་འཐབ་རྩོད་བྱེད་པར་ལྕག་སྐུལ་བྱ་རྒྱུ་དེ་རེད། རྒྱུན་དུ་དྲང་བདེན་མིན་པའི་གནས་ཚུལ་འཕྲད་ཚེ་སྐྱོན་བརྗོད་བྱ་རྒྱུ་དེ་ནི་དྲང་ཕྱོགས་ཀྱི་སྤྱི་ཚོགས་རིན་ཐང་དོན་གཉེར་བྱས་པ་ཞིག་རེད། དེ་སྤྱོད་པའི་བརྒྱུད་རིམ་ནང་ལུགས་མཐུན་འགོག་སྲུང་གི་དམིགས་ཡུལ་དང་རིན་ཐང་དོན་གཉེར་དང་མཐུན་དགོས་པ་དང་དུས་མཚུངས། ཁྲིམས་ལུགས་ཁྱབ་གདལ་གྱི་ལས་དོན་ལ་སྣང་ཆེན་བྱས་ནས་མང་ཚོགས་ཀྱིས་ལུགས་མཐུན་འགོག་སྲུང་དང་ཉེས་རྡུང་གཏོང་བའི་དབྱེ་བ་ཕྱེ་སྟེ་མི་ཁག་གཅིག་གིས་འགོག་སྲུང་ལ་ཁ་གཡར་ནས་ཉེས་རྡུང་གཏོང་བའི་གནད་དོན་བཀག་འགོག་བྱེད་དགོས། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་དེ་ནི་སྣེ་གདོང་གི་ཞིབ་དཔྱོད་ཀྱིས་ཁྲིམས་འཛིན་གྱི་འདུ་ཤེས་རྒྱུད་མཐུད་གསར་བརྗེ་བྱེད་པ་དང་། འགན་ནུས་ཆེ་རུ་གཏོང་བ། ཁྲིམས་འཛིན་འབྲེལ་མཐུད་བྱེད་ཟབ་ཏུ་གཏོང་བ། མི་དམངས་མང་ཚོགས་ཀྱི་རེ་སྒུག་ལ་དོ་ཁུར་དང་ལན་སློག་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།