དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • གུང་གཞོན་སྡེ་ཚོགས་ལྷོ་ཁ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས།

    “གཞོན་ནུ་ལོ་ཆུང་གི་བཅའ་ཁྲིམས་འཆད་སྟེགས་ཆེན་པོའི”ཁྲིམས་སྐྱོང་སྒྲོག་འགྲེལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-23

    ཉེ་ཆར། གུང་གཞོན་སྡེ་ཚོགས་ལྷོ་ཁ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་མཉམ་དུ་ཁྲིམས་དཔོན་དང་ཁྲིམས་རྩོད་པ་གདན་དྲངས་ནས་འཕྱོངས་རྒྱས་རྫོང་སློབ་འབྲིང་དང་། གྲ་ནང་རྫོང་སློབ་འབྲིང་། ལྷོ་ཁ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོ། ལྷོ་ཁ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭ ཁྲ་འབྲུག་གྲོང་རྡལ་སློབ་ཆུང་བཅས་སུ“གཞོན་ནུ་ལོ་ཆུང་གི་བཅའ་ཁྲིམས་འཆད་སྟེགས་ཆེན་པོའི”ཁྲིམས་སྐྱོང་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་དགེ་རྒན་གྱིས་སློབ་མའི་ལོ་ཚད་དང་སེམས་ཁམས་ཀྱི་ཁྱད་ཆོས་ལ་གཞིགས་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་སྔོན་འགོག་བཅའ་ཁྲིམས》སོགས་དང་གཞོན་ནུ་ལོ་ཆུང་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་འགྲེལ་བཤད་བརྒྱབ་པ་མ་ཟད། སློབ་གྲྭའི་གཏུམ་སྤྱོད་ཀྱི་དཔེ་མཚོན་གྱོད་དཔེ་དང་ཟུང་འབྲེལ་བྱས་ཏེ་སློབ་གྲྭའི་གཏུམ་སྤྱོད་ཀྱི་གནོད་འཚེ་དང་སློབ་གྲྭའི་གཏུམ་སྤྱོད་དང་བརྙས་བཅོས་སྔོན་འགོག་ཇི་ལྟར་བྱེད་པ་སོགས་ཀྱི་ནང་དོན་ལ་གོ་བདེ་ཤེས་སླའི་སྐད་ཆ་དང་གྱོད་དཔེ་དྲངས་ནས་ཁྲིམས་ལུགས་བརྗོད་པ་སོགས་ཀྱི་ཐོག་ནས་སློབ་མར་བཅའ་ཁྲིམས་ལ་སྲུང་བརྩི་ཞུ་བ་དང་བདེན་མིན་དབྱེ་འབྱེད་ཀྱི་ནུས་པ་ཆེ་རུ་གཏོང་དགོས་པའི་ཁ་ཏ་བསླབ་བྱ་བྱས་པ་དང་། སློབ་མར་ངེས་པར་དུ་ཀུན་སྤྱོད་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་རང་རྒྱུད་ལ་གཤིས་རྒྱུད་བཟང་པོ་འཇགས་པར་བྱས་ཏེ་ཆུང་དུས་ནས་ལས་ཀ་བྱེད་དུས་ཁྲིམས་གཞིར་བཟུང་བ་དང་། གནས་ཚུལ་ཕྲད་དུས་ཁྲིམས་ཁུངས་འཚོལ་བ། དོན་དག་གཅོད་དུས་ཁྲིམས་ལ་བསྟུན་པ་བཅས་ཀྱི་གོམས་གཤིས་འཇགས་པར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།