དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • མི་དམངས་ཉེན་རྟོག་པས། ཉི་ཆེ་གེ་མོར་ཁ་བསླུས་ཐེབས་པའི་བརྒྱུད་རིམ་ཧྲིལ་པོ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-17

    2024ལོའི་ཟླ་2ཚེས་25ཉིན། ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་དྲ་རྒྱར་བྲིན་རྫུ་བྱས་ནས་ཁེ་བོགས་ཆ་ཤས་སློག་པའི་ཁ་བསླུས་གྱོད་གཞི་ཞིག་བདེ་བླག་ངང་རྩད་ཆོད་དེ་ཉེས་གསོག་དོགས་ཅན་4བཟུང་བ་དང་། མི་1ཁག་འཁུར་འདྲི་སྒུག་གི་ཉེས་དོན་བཀག་ཉར་བྱས་པ་དང་མི་གསུམ་ལ་ཁ་ཏ་བསླབ་བྱ་བྱས་པ་རེད། གྱོད་གཞི་དང་འབྲེལ་བའི་མ་དངུལ་སྒོར་176455.49བསྡམས་བཅད་བྱས་པ་དང་ཁ་བསླུས་ཐེབས་པའི་མ་དངུལ་སྒོར་22000ཚུར་བླངས་པ་རེད།

    2023ལོའི་ཟླ་8ཚེས་24ཉིན་གྱི་ཆུ་ཚོད་9པ་ཙམ་ལ། མཚོ་སྨད་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་ལ་ཉི་ཆེ་གེ་མོས་སྒོར་ཁྲི་2ཁ་བསླུས་ཐེབས་པའི་གྱོད་དོན་སྙན་སེང་ཞུས་པ་རེད། ཁ་བསླུས་ཐེབས་པའི་སྐོར་གླེང་སྐབས་ཉི་ཆེ་གེ་མོའི་དངངས་སྐྲག་ད་དུང་འཇགས་མེད་པ་རེད། དེ་རིང་མི་དམངས་ཉེན་རྟོག་པས་ཉི་ཆེ་གེ་མོར་ཁ་བསླུས་ཐེབས་པའི་བརྒྱུད་རིམ་ཧྲིལ་པོ་གླེང་ན་འདི་ལྟར་ཏེ།

    སློབ་གྲྭ་ཆེ་མོ་ནས་ཐོན་མ་ཐག་པའི་ཉི་ཆེ་གེ་མོ་གཏན་འཇགས་ཀྱི་ལས་ཀ་ཞིག་འཚོལ་འདོད་ཆེ་བས་དྲ་ཚིགས་མང་པོ་ཞིག་ལ་སྒེར་གྱི་ལས་འཚོལ་ཆ་འཕྲིན་བསྐུར་བ་རེད།

    ཁ་བསླུས་རྒྱག་མཁན་གྱིས་གནོད་འཚེ་ཕོག་མཁན་གྱི་ལས་འཚོལ་སེམས་ཁམས་ལ་དམིགས་ཏེ་མགོ་སྐོར་གཏོང་འགོ་ཚུགས། 2023ལོའི་ཟླ་8ཚེས་22ཉིན་ཁོང་ལ་ཆ་རྒྱུས་མེད་པའི་ཁ་པར་ཞིག་འབྱོར་ནས་ལས་ཀའི་སྐོར་སྐད་ཆ་དྲིས་པས། ཉི་ཆེ་གེ་མོར་གློ་བུར་དུ་ལས་ཀ་རྙེད་པའི་དགའ་ཚོར་གྱིས་བསམ་བློ་ཞིབ་ཕྲ་མ་བཏང་བར་ཕ་རོལ་པོས་སྤྲད་པའི་QQཚོགས་པར་འཛུལ་བ་དང་ཕ་རོལ་པོའི་རེ་བ་ལྟར་ལས་འཚོལ་ཆ་འཕྲིན་བྲིས་ནས་བསྐུར་པ་རེད།

    ཕ་རོལ་པོས་ཉི་ཆེ་གེ་མོར་ལས་སྟེགས་ག་གེ་མོ་ཞིག་ནས་བྲིན་རྫུའི་ལས་འགན་བསྒྲུབས་ཚེ་གླ་ཆ་མང་པོ་ཡོད་པ་དང་། ཡིན་ནའང་མ་དངུལ་སྔ་རྟིང་སྤྲོད་དགོས་ཀྱི་ཡོད་ཅེས་བཤད་པས། ཉི་ཆེ་གེ་མོས་ཐེ་ཚོམ་སྤུ་ཙམ་མེད་པར་དེ་དོན་ཁས་བླངས་པ་རེད།

    དེའི་རིང་། ཁ་བསླུས་རྒྱག་མཁན་གྱིས་ཉི་ཆེ་གེ་མོའི་ལས་ཀ་འཚོ་བའི་དགོས་གཏུགས་ཀྱི་བསམ་པ་དང་ཚོད་ལྟ་བྱེད་པའི་སེམས་ཁམས་ལ་དམིགས་ནས་མགོ་སྐོར་གཡོ་ཇུས་ཀྱི་ཐབས་ཤེས་མང་པོ་ཞིག་བཀོད་སྒྲིག་ཞིབ་ཚགས་བྱས་པ་རེད།

    ཕ་རོལ་པོའི་ཁྲིད་སྟོན་འོག་ཉི་ཆེ་གེ་མོས་རིམ་པ་བཞིན་བཀོལ་སྤྱོད་བྱེད་སྟངས་སྦྱངས་པ་རེད། ཐོག་མའི་ལས་འགན་ཁྲོད་ཕ་རོལ་པོས་ཁ་དན་ཚིག་ལ་གནས་ནས་དུས་ཐོག་ཏུ་གླ་ཆ་སྤྲད་པས་ཉི་ཆེ་གེ་མོའི་ཡིད་ཆེས་ཐོབ། ལས་འགན་ཞིག་སྒྲུབ་ཐུབ་ཚེ་སྒོར་6000ཡོད་པས་ཉི་ཆེ་མོ་དགའ་ཐག་ཆོད་པ་རེད།

    དེར་བརྟེན། ཁ་བསླུས་རྒྱག་མཁན་གྱིས་ཕ་རོལ་པོ་དང་འབྲེལ་བ་མང་བ་དང་ཡིད་ཆེས་ཐོབ་པའི་གོ་སྐབས་དང་བསྟུན་ནས་དངུལ་ཚང་མ་ཁ་བསླུས་བརྒྱབ་པ་རེད།

    “རྒན་ལགས། ཁྱོད་ཚོར་བསྐུར་བའི་དངུལ་ཇེ་མང་ནས་ཇེ་མང་རེད། ངས་སྒོར་ཁྲི་3བསྐུར་རུང་ད་དུང་ལེན་ཐུབ་མ་སོང” དེ་ལྟར་ལས་འགན་སྒྲུབ་རིམ་བཞིན་མ་དངུལ་གཏོང་ཤུགས་ཆེ་རུ་འགྲོ་བས་ཉི་ཆེ་གེ་མོས་གཞི་ནས་རང་ཉིད་མགོ་སྐོར་འོག་ཚུད་པ་རྟོགས་ཏེ་ཉེན་རྟོག་པར་ཁ་པར་བརྒྱབ་པ་རེད།

    མཚོ་སྨད་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་དབྱེ་ཞིབ་བརྡར་གཅོད་དང་ཁུངས་སྣེ་རྗེས་སྙེག་བྱས་ནས་ལམ་ཐིག་སྤྱི་ལེ་10000ལྷག་ཙམ་གྱི་ས་ནས་མྱུལ་ཞིབ་དཔང་ལེན་བྱས་རྗེས་ཉེས་གསོག་དོགས་ཅན་ཝང་ཆེ་གེ་མོ་དང་། ཝང་ག་གེ་མོ། སུན་ཆེ་གེ་མོ། ལི་ཆེ་གེ་མོ་བཅས་མི་4བཟུང་བ་རེད།

    མིག་སྔར་གྱོད་གཞི་སྔར་བས་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།