དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • སྙན་རོང་རྫོང་རྒྱབ་ལུང་གྲོང་སྡོད་ལས་དོན་རུ་ཁག་གིས།

    རྩོད་གཞི་འདུམ་འགྲིག་བྱས་ནས་ཞི་མཐུན་ལ་སྐུལ་འདེད་བཏང་བ་དང་། འགལ་ཟླ་བསལ་ནས་དམངས་སེམས་ལ་དྲོ་སྐྱིད་སྦྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-17

    འདི་ནི་རྒྱབ་ལུང་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་མིས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་མཉམ་དུ་ས་ཡུལ་དངོས་སུ་འགལ་ཟླ་ཤེས་རྟོགས་བྱེད་བཞིན་པ།

    གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར་གཞིགས་ན། འགལ་ཟླ་དང་རྩོད་གཞི་ནུས་ལྡན་ངང་བསལ་ནས་ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད། ཉེ་ཆར་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་སངས་ལུང་ཤང་རྒྱབ་ལུང་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ལས་ཀའི་དོན་དངོས་ལ་གཞི་ཚུགས་ཏེ་འགར་ཚང་རང་བྱུང་གྲོང་ཚོར་བསྐྱོད་དེ་གྲོང་མི་ཐང་ཆེ་གེ་མོ་དང་རྒྱ་ཆེ་གེ་མོའི་ཁྱིམ་མཚེས་དབར་གྱི་རྩོད་གཞི་ཞིག་ས་ཡུལ་དངོས་ལ་བརྟག་དཔྱད་བྱས་ནས་འདུམ་འགྲིག་བྱས་པ་རེད།

    འདུམ་འགྲིག་མི་སྣས་ཕྱོགས་མང་པོ་ནས་ཤེས་རྟོགས་བྱས་པ་བརྒྱུད་ད་ཐེངས་ཀྱི་རྩོད་གཞི་དེ་ནི་ཕྱོགས་གཉིས་པོའི་དབར་རྡོ་སོལ་སུ་ལ་དབང་མིན་དང་། བུ་ལོན། རྩྭ་ཐང་སོགས་གནད་དོན་མང་པོ་ཞིག་དང་འབྲེལ་བ་ཡོད་པ་དང་ཕྱོགས་གཉིས་པོའི་འགལ་ཟླའང་དེ་ལྟར་རིམ་བཞིན་ཆེ་རུ་ཕྱིན་པ་དང་ཁ་རྩོད་ཐེངས་མང་ཤོར་མྱོང་ཡོད་པ་རེད། འགལ་ཟླ་དེ་བས་ཆེ་རུ་མི་འགྲོ་བའི་ཆེད་དུ་འདུམ་འགྲིག་མི་སྣས་ངང་རྒྱུད་རིང་པོས་ཕྱོགས་གཉིས་པོར་གནས་ལུགས་གསལ་བཤད་བྱས་པ་དང་དུས་མཚུངས་བཅར་འདྲི་བརྟག་དཔྱད་དང་། ས་གནས་ས་ཐོག་ཏུ་ལྟ་ཞིབ། རེ་ཞུ་འདྲི་རྩད་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཕྱོགས་གཉིས་ཀར་ཁེ་ཕན་ཐོབ་པར་བྱེད་པའི་འདུམ་འགྲིག་བྱ་ཐབས་ཡག་ཤོས་འཚོལ་གང་ཐུབ་བྱས་པ་རེད།

    འདུམ་འགྲིག་མི་སྣས་ངང་རྒྱུད་རིང་པོས་ཁ་ཏ་སློབ་སྟོན་དང་འདུམ་འགྲིག་བྱས་མཐར། ཕྱོགས་གཉིས་པོས་འདུམ་འགྲིག་ལ་མོས་མཐུན་བྱས་པ་དང་འབྲེལ་བར་འདུམ་ཡི་གེའང་བཞག་པ་རེད། ད་ཐེངས་ཀྱི་འགལ་ཟླ་དང་རྩོད་གཞི་བདེ་བླག་ངང་བསལ་ནས་རྒྱབ་ལུང་གྲོང་ཚོའི་འགལ་ཟླ་དང་རྩོད་གཞི་སེལ་བའི“འགོག་སྲུང་འཛིང་རགས་དང་པོའི”འགན་འཁྲི་དང་འོས་འགན་གང་ལེགས་མངོན་པར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།