དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • སྦྱོང་བརྡར་བྱས་ནས་འཇོན་ཐང་ཆེ་རུ་བཏང་། དམག་སྟོབས་ཆེར་བསྐྱེད་མཐའ་མཚམས་བརྟན་པོར་བསྲུངས།

    —— དཔལ་འབར་རྫོང་གིས་ཡུལ་དམག་འཕྲལ་སྡོམ་ཕྱོགས་བསྡུས་རོགས་སྐྱོབ་ཡན་ལག་རུ་ཁག་སྒྲིག་འཛུགས་ཀྱིས་གཅིག་སྡུད་སྦྱོང་བརྡར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-17

    འདི་ནི་འཕྲལ་སྡོམ་དཔོན་དམག་གིས་མེ་གསོད་སྟངས་སློབ་བཞིན་པ།

    འདི་ནི་འཕྲལ་སྡོམ་དཔོན་དམག་གིས་གཅོད་འབྲེག་འཕྲུལ་འཁོར་སྤྱོད་སྟངས་སློབ་བཞིན་པ།

    འཕྲལ་སྡོམ་ཡུལ་དམག་ཚོའི་བརྟན་ལྷིང་སྲུང་སྐྱོང་གི་ཐོལ་བྱུང་དོན་རྐྱེན་ཐག་གཅོད་དང་མྱུར་སྐྱོབ་གེཌ་སེལ་གྱི་འཇོན་ཐང་ཆེ་རུ་གཏོང་ཆེད། ཉེ་ཆར་དཔལ་འབར་རྫོང་མི་དམངས་དྲག་ཆས་པུའུ་ཡིས་དུས་ཡུན་ཉིན་4ཡི་རིང་། ཡུལ་དམག་འཕྲལ་སྡོམ་ཕྱོགས་བསྡུས་རོགས་སྐྱོབ་ཡན་ལག་རུ་ཁག་སྒྲིག་འཛུགས་ཀྱིས་གཅིག་སྡུད་སྦྱོང་བརྡར་བྱས་ཏེ་ཐོལ་བྱུང་དང་། དཀའ་ངལ་ཆེ་བ། ཉེན་ཁ་ཆེ་བ། ལྗིད་རྫོབ་ཆེ་བ་བཅས་ཀྱི་ལས་འགན་བསྒྲུབ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་བ་རེད།

    དཔལ་འབར་རྫོང་མི་དམངས་དྲག་ཆས་པུའུ་ཡིས་ཆབ་སྲིད་ཀྱི་ཉམས་སད་ཐེག་ཐུབ་པ་དང་། བྱང་ཚད་མཐོ་བ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་བླང་བྱར་དམིགས་ཏེ། རྫོང་གི་འཕྲལ་སྡོམ་ཡུལ་དམག་ལེན་གྱི་ཁྲོད་ནས་གདམ་གསེས་ནན་ཏན་དང་། ཞིབ་བཤེར་སྙན་འབུལ། དོ་དོ་ནན་ནན་བཅས་ཀྱི་སྒོ་ནས་སྦྱོང་བརྡར་ནང་ཞུགས་མཁན་གཏན་འཁེལ་བྱས་ཤིང་། “ནུས་མང་གཅིག་བསྡུས་དང་། བྱེད་སྟངས་གཅིག་སྡུད། སྐབས་བསྟུན་འཕྲལ་སྒྲུབ”བཅས་ཡོང་བའི་འགན་ནུས་ཀྱི་ངེས་གནས་ཁོང་དུ་ཆུད་པར་བྱས་པ་དང་། “བརྟན་ལྷིང་སྲུང་སྐྱོང་ཐད་ཀྱི་ཐོལ་བྱུང་དོན་རྐྱེན་ཐག་གཅོད་དང་། ཉེན་སེལ་གེགས་སྐྱོབ། འཕྲལ་དུ་དམག་འཐབ་དང་གྲ་སྒྲིག་བྱེད་པ”བཅས་ཀྱི་འཇོན་ཐང་གི་ཚད་གཞིར་དམིགས་ནས་རང་རྟོགས་ངང་འཕྲལ་སྡོམ་དོ་དམ་ཅུས་དང་། ནགས་ཚལ་མེ་ཟོན། གྲོང་ཁྱེར་མེ་ཟོན་སོགས་སྡེ་ཚན་དང་རོགས་སྐྱོབ་སྟོབས་ཤུགས་དབར་གྱི་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་སྟེ། “སློབ་སྟོན་པ་གདན་དྲངས་པ་དང་། ཕྱིར་སློབ་སྦྱོང་བྱེད་པར་བསྐྱོད་པ། རང་འགུལ་ངང་སྦྱོང་བརྡར་བྱེད་པ”བཅས་ཟུང་འབྲེལ་གྱི་བྱེད་སྟངས་སྤྱད་ནས་སྦྱོང་བརྡར་བྱས་པ་རེད།

    ད་རེས་ཀྱི་གཅིག་སྡུད་སྦྱོང་བརྡར་བྱེད་རིང་། ཐུན་མོང་གི་རྨང་གཞི་དང་ཆེད་ལས་རྩལ་སྦྱོང་སྦྱོང་བརྡར་དང་། དམག་མི་རྐྱང་པའི་འཐབ་རྩལ་དང་ཡན་ལག་རུ་ཁག་གི་འཐབ་རྩལ་སྦྱོང་བརྡར། རྨང་གཞིའི་རྩལ་ནུས་དང་སྤྱོད་ཚུལ་སྒྲིག་ལམ་སྦྱོང་བརྡར་བཅས་གཅིག་གྱུར་ཡོང་བར་བྱས་པས། འཕྲལ་སྡོམ་ཡན་ལག་རུ་ཁག་གི“ལུས་རྩལ”དང“དམག་རྩལ”གྱི་འཇོན་ཐང་སྔར་བས་ཆེ་རུ་ཕྱིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།