དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • བོད་དམག་ཁུལ་ཁང་གི་ཐོན་ཞིག་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོར་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-17

    འདི་ནི་དཔོན་དམག་ཚོས་འགྲེམས་ཁང་ལ་ལྟ་སྐོར་བྱེད་བཞིན་པ།

    འདི་ནི་དཔོན་དམག་ཚོས་སྒྲོག་འགྲེལ་ནན་ཏན་ཉན་བཞིན་པ།

    ཉེ་ཆར། བོད་དམག་ཁུལ་ཁང་གི་ཐོན་ཞིག་གིས་དཔོན་དམག་སྒྲིག་འཛུགས་བྱས་ནས་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ་སྟེ། ཁེ་གསུམ་གྲོང་ཚོར་ལྟ་སྐོར་ལ་བསྐྱོད་ནས་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་དམངས་ཀྱི་སྣེ་ཁྲིད་དེ་ལྕཌ་སྒྲོག་གཏོར་ཏེ་ཚེ་སྲོག་གསར་པ་བྱུང་ནས་བདེ་སྐྱིད་ལམ་བུར་བསྐྱོད་པའི་ལོ་རྒྱུས་ཤེས་རྟོགས་བྱས་པ་རེད།

    གསལ་འགྲེལ་བའི་སྣེ་ཁྲིད་འོག “དཀའ་སྡུག་གི་ལོ་ཟླའི”འགྲེམས་ཁང་དུ་དཔོན་དམག་ཚོས་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། ཁེ་གསུམ་གྲོང་ཚོ་ནི་ལྷོ་ཁར་ཡོད་པའི་བོད་རྙིང་པའི་ཞིང་བྲན་བདག་པོ་ཟུར་ཁང་དབང་ཆེན་དགེ་ལེགས་ཀྱི་གཞིས་ཀ་ཆེ་ཤོས་དེ་ཡིན་པ་དང་། ཆེས་མུན་ནག་དང་། ཆེས་གདུག་རྩུབ་ཀྱི་དབང་སྒྱུར་འོག་གཞིས་ཀའི་ཞིང་བྲན་ཚོས་ལོ་འཁོར་མོར་གོས་ཀྱིས་ལུས་པོ་མི་དྲོད་པ་དང་ཟས་ཀྱིས་གྲོད་པ་མི་རྒྱགས་པའི་ཡ་ང་བའི་འཚོ་བ་སྐྱེལ་བར་རྒྱུས་ལོན་དང་། “འཚོ་བ་གསར་པའི”འགྲེམས་ཁང་ནང་། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཞིང་བྲན་ཡར་ལངས་བདག་པོར་གྱུར་པ་དང་ཏང་གི་དམངས་ཕྱུག་སྲིད་ཇུས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད་པ་མཐོང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།