དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སྨན་གླིང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས།

    “སྲིད་གཞུང་དང་ཁྲིམས་ཁང་མཉམ་འགུལ”བྱས་ཏེ་ཏང་ཡོན་དང་གཞུང་ཞབས་པས་ར་བཟི་འཁོར་གཏོང་གི་གནས་ཚུལ་མི་ཐོན་པ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-17

    སྒྲིག་ཁྲིམས་སྒྲིག་ལམ་སྔར་བས་ནན་དུ་གཏོང་བ་དང་། དྲན་སྐུལ་སློབ་གསོའི་ནུས་པ་ཆེ་རུ་གཏོང་བ། ཏང་ཡོན་དང་གཞུང་ཞབས་པས་སྣེ་ཁྲིད་དེ་སྒྲིག་བཀུར་ཁྲིམས་སྲུང་བྱ་རྒྱུར་ལྟ་སྐུལ་དང་ཁྲིད་སྟོན་བྱེད་པ། ར་བཟི་འཁོར་གཏོང་གི་སྒྲིག་འགལ་ཁྲིམས་འགལ་བྱེད་སྤྱོད་ཐོན་རྒྱུ་བཀག་འགོག་བྱེད་པ། “ཉེ་འགྲམ་གྱི་གནས་ཚུལ”ལ་བརྟེན་ནས“ཉེ་འགྲམ་གྱི་མིར”སློབ་གསོ་རྒྱག་རྒྱུ་མཐའ་འཁྱོངས་བཅས་བྱ་ཆེད། ཉེ་ཆར་སྨན་གླིང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས་ད་ཡོད་ཀྱི་ལམ་ལུགས་དང་ལམ་སྲོལ་སྤྱད་དེ་སྨན་གླིང་གི“སྲིད་གཞུང་དང་ཁྲིམས་ཁང་མཉམ་འགུལ”བྱེད་སྟངས་ལ་ཤུགས་སྣོན་བརྒྱབ་ནས་ཉེན་ཡོད་འཁོར་གཏོང་ཉེས་གསོག་བྱེད་སྤྱོད་འབྱུང་རྩ་ནས་གཏན་འགོག་བྱས་པ་རེད།

    2023ལོར་སྨན་གླིང་ཁྲིམས་ཁང་གིས་བདག་སྤྲོད་བྱས་པའི་ཉེས་དོན་གྱོད་གཞི་18ནང་ཉེན་ཡོད་འཁོར་གཏོང་ཉེས་གསོག་གྱོད་གཞི་7ཡོད་པ་དེས་38.88%བཟུང་ཡོད། གྱོད་གཞི་དེ་རིགས་མང་དུ་འགྲོ་ཚུལ་བཀག་འགོག་བྱ་ཆེད། སྨན་གླིང་ཁྲིམས་ཁང་གིས་གྱོད་གཞིའི་གནས་ཚུལ་ལ་དབྱེ་ཞིབ་བྱས་པ་བརྒྱུད་ཏང་ཡོན་དང་གཞུང་ཞབས་པ་དང་འབྲེལ་བ་ཡོད་པའི་ར་བཟི་འཁོར་གཏོང་རིགས་ཀྱིས་བསྡུར་གྲངས་ངེས་ཅན་བཟུང་བ་ཤེས་རྟོགས་བྱུང་ཡོད། སྨན་གླིང་ཁྲིམས་ཁང་གིས་གྱོད་སྒྲུབ་གོ་རིམ་ལེགས་སུ་བཏང་སྟེ་གྱོད་གཞི་ཐོ་འགོད་དང་། འདྲི་གཅོད། ལག་བསྟར་བཅས་ཀྱི་འགག་སྒོ་ནན་པོ་བསྲུངས་ནས་གྱོད་གཞི་མྱུར་དུ་ཐོ་འགོད་དང་། འདྲི་གཅོད། སྒྲུབ་གཉེར་བཅས་ཐུབ་པའི་འགན་ལེན་བྱས་ཁར། ཏང་ཡོན་དང་གཞུང་ཞབས་པས་ར་བཟི་འཁོར་གཏོང་བྱས་པའི་གྱོད་གཞི་2ནུས་ལྡན་ངང་བསྒྲུབས་ཡོད། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》གསར་པ(2023ལོའི་ཟླ་12ཚེས་19ཉིན་ཁྱབ་བསྒྲགས་བྱས་པ་དང་2024ལོའི་ཟླ་1ཚེས་1ཉིན་ལག་བསྟར་བྱས་པ)གཞིར་བཟུང་། “སྒྲིག་སྐྱོང་ཁྲིམས་སྒྱུར་སྦྲེལ་མཐུད”བྱས་ཏེ་བཅའ་ཁྲིམས་ལས་སྒྲིག་ཁྲིམས་ནན་པ་དང་བཅའ་ཁྲིམས་གོང་དུ་སྒྲིག་ཁྲིམས་བཀུར་རྒྱུ་མཐའ་འཁྱོངས་བྱས་ནས་སྨན་གླིང་སྒྲིག་ཨུད་ལ་ཏང་ཡོན་དང་གཞུང་ཞབས་པའི་གྱོད་གཞིའི་གོ་ཆོད་བཅད་ཁྲ་2མཁོ་འདོན་བྱས་པ་དང་། སྨན་གླིང་སྒྲིག་ཨུད་དང་སྨན་གླིང་ཁྲིམས་ཁང་གི་སྤྱི་རྟགས་བརྒྱུད་དེ་ཉིང་ཁྲི་གྲོང་ཁྱེར་གྱིས་ཏང་ཡོན་གྱི་གཟུགས་བརྙན་སྐྱོང་བ་དང་མང་ཚོགས་ཀྱི་བདེ་འཇགས་ལ་གནོད་པའི་བྱེད་སྤྱོད་ཐག་གཅོད་ནན་པོ་བྱེད་པའི་ཆོད་སེམས་མཚོན་པར་བྱས་ཡོད། མིག་སྔའི་བར་གྲོང་ཁྱེར་དེ་ཡོངས་ཀྱི་ཚན་པ་76གིས་སློབ་སྦྱོང་བྱེད་སྒོ་སྤེལ་བ་དང་ཏང་ཡོན་ལས་བྱེད་པ་དང་གཞུང་ཞབས་པ་2000ཙམ་ལ་དྲན་སྐུལ་སློབ་གསོ་བཏང་བས། ཏང་ཡོན་ལས་བྱེད་པ་དང་གཞུང་ཞབས་པ་ཡོངས་ཀྱིས་ར་བཟི་འཁོར་གཏོང་བྱས་པའི་དཔེ་མཚོན་གྱོད་གཞིར་སློབ་སྦྱོང་ཐུབ་པ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།