སྨན་གླིང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས“གནས་ཆུང་ངུ་དགུར”ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ བདེ་འཇགས་ཡོང་བར་བྱས་པ།
ཉེ་ཆར། སྨན་གླིང་གྲོང་ཁྱེར་སྤྱི་བདེ་ཅུས་རྫོང་གྲོང་མངགས་གཏོང་ཁང་གི་ལས་དོན་པ་ཁོངས་གཏོགས་ཁུལ་གྱི“གནས་ཆུང་ངུ་དགུར”བསྐྱོད་དེ་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པའི་བྱ་སྤྱོད་སྤེལ་བ་རེད།
གྲལ་བཤེར་བྱེད་རིང་། མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་ཁྲོམ་གཞུང་རྒྱུད་ཀྱི་ཚོང་ཁང་ཆུང་ངུ་དང་། འགྲུལ་ཁང་ཆུང་ངུ་སོགས“གནས་ཆུང་ངུ་དགུའི”མེ་ཟོན་གྱི་སྒྲིག་ཆས་ཆ་ཚང་མིན་དང་། བདེ་འཇགས་ངང་དོན་ས་ཡོད་མེད། ཁ་འགྲེམས་ཀྱི་བགྲོད་ལམ་ཤར་གཏོང་ཡོད་མེད། མེ་ཟོན་ཉེན་བརྡའི་མ་ལག་ཡོད་མེད། འཕྲལ་སྡོམ་གློག་སྒྲོན་རྒྱུན་གཏན་ཡིན་མིན་སོགས་ལ་ཞིབ་བཤེར་བྱས་པ་མ་ཟད། ཤེས་རྟོགས་བྱུང་བའི་གནད་དོན་དང་མངོན་མེད་རྐྱེན་ངན་ལ་དམིགས་ཏེ་རང་སར་དག་ཐེར་བྱེད་དགོས་པའི་བསམ་འཆར་དང་གྲོས་འགོ་ཡང་བཏོན་ཞིང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་དག་ཐེར་བྱེད་ཤུགས་ཆེ་རུ་བཏང་ནས་སྐྱོན་ཆ་དང་། ཁུག་ཀྱོག་གཅིག་ཀྱང་མ་ལུས་པ་བྱས་པ་དང་འབྲེལ། “གནས་ཆུང་ངུ་དགུའི”འགན་འཁུར་བ་དང་ལས་དོན་པར་མེ་དང་གློག སོལ་རླངས་སོགས་བེད་སྤྱོད་ཀྱི་བདེ་འཇགས་དྲིལ་བསྒྲགས་བྱས་པས“གནས་ཆུང་ངུ་དགུའི”འགན་འཁུར་བ་དང་ལས་དོན་པའི་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཏེ། ཉེན་ཁའི་མངོན་མེད་རྐྱེན་ངན་གང་ཐུབ་བསལ་ནས་བདེ་འཇགས་ཀྱི་ལས་འཛོལ་མི་ཐོན་པ་བྱས་ཡོད།