དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • “སྒོ་རྩར་ཞབས་འདེགས”ཞུས་ནས་ཁྱིམ་ཚང་མང་པོར་ཕན་པ་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-17

    འདི་ནི་ཁྱིམ་གྱི་སྒོ་རྩར་གློག་སྒུལ་སྦག་སྦག་ལ་ཨང་རྟགས་བསྒར་བཞིན་པ།

    འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། སྣེ་གདོང་ཆུས་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་རླངས་འཁོར་དོ་དམ་སུའོ་དང་། གྲོང་ལྷོ་རུ་འབྲིང་། ཕོ་བྲང་ཤང་མངགས་གཏོང་ཁང་བཅས་ཀྱིས་ཉིན་ཤས་བསྟུད་མར་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས། ཕོ་བྲང་ཤང་གི་གྲོང་ཚོ་ཁག་ཏུ་བསྐྱོད་དེ། རྒྱ་ཆེའི་མང་ཚོགས་ཚོའི་ཁྱིམ་གྱི་སྒོ་རྩར་གློག་སྒུལ་སྦག་སྦག་ལ་ཨང་རྟགས་བསྒར་བ་རེད།

    མི་དམངས་ཉེན་རྟོག་པས་མང་ཚོགས་ཚོར་ས་གནས་ས་ཐོག་ཏུ་གློག་སྒུལ་སྦག་སྦག་གི་ཨང་རྟགས་ཐོ་འགོད་ཀྱི་བརྒྱུད་རིམ་དང་། དོ་སྣང་བྱེད་དགོས་རིགས། ཨང་རྟགས་བསྒར་སྟངས་བཅས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་མ་ཟད། ངང་རྒྱུད་རིང་པོས་ཁོང་ཚོའི་དོགས་གནད་ལ་འགྲེལ་བཤད་བརྒྱབ་པ་དང་། གློག་སྒུལ་སྦག་སྦག་གི་ཆ་འཕྲིན་དང་འབྲེལ་ཡོད་དཔྱད་གཞིར་ཞིབ་བཤེར་ནན་ཏན་བྱས་ཏེ། མང་ཚོགས་ཀྱི་ཁྱིམ་གྱི་སྒོ་རྩར་གློག་སྒུལ་སྦག་སྦག་ལ་ཨང་རྟགས་བསྒར་བའི་ལས་དོན་སྤེལ་ཡོད། དེ་དང་ཆབས་ཅིག་རྒྱ་ཆེའི་མང་ཚོགས་ཚོས་ར་བཟི་འཁོར་གཏོང་དང་ཆང་བཏུངས་འཁོར་གཏོང་དང་། གློག་སྒུལ་སྦག་སྦག་ལ་མི་ཚད་ལས་བརྒལ་ནས་བླུགས་པ། ཞིང་སྤྱོད་རླངས་འཁོར་གྱིས་ཁྲིམས་ལས་འགལ་ཏེ་མི་བླུགས་པ་སོགས་ལས་ཐོན་པའི་མཇུག་འབྲས་ངན་པ་དང་དེ་བཞིན། བདེ་འཇགས་སྲུང་ཞྭ་མི་གྱོན་པ་དང་བདེ་འཇགས་སྲུང་ཐག་མི་བཏགས་པ་ལས་ཐོན་པའི་ཉེན་ཁའི་མངོན་མེད་རྐྱེན་ངན་དྲིལ་བསྒྲགས་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་མི་དམངས་ཉེན་རྟོག་པས་ཕོ་བྲང་ཤང་གི་སྲིད་འཛིན་གྲོང་ཚོ་9ཡི་གློག་སྒུལ་སྦག་སྦག་1270ལ་ཨང་རྟགས་བསྒར་བའི་འགྲོ་ལུགས་གཉེར་ནས། མང་ཚོགས་ཕར་རྒྱུག་ཚུར་རྒྱུག་བྱེད་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པ་མ་ཟད། དམངས་ཆེད་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཀྱང་བསལ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།