དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཞིབ་དཔྱོད་ཁང་གིས་ངལ་རྩོལ་ཐོབ་ཆའི་རྩོད་གཞི་ཞིག་འདུམ་འགྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-17

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས“ཞུ་གཏུག་ལ་རྒྱབ་སྐྱོར་དང་འདུམ་འགྲིག་ལ་ཁྲིད་སྟོན་བྱེད་པའི”གྱོད་གཞི་སྒྲུབ་གཉེར་བྱེད་སྟངས་སྤྱད་དེ་ཞིང་པ་ལས་མི་5ལ་འགྱངས་ཆད་བྱས་པའི་གླ་ཆ་སྒོར་ཁྲི་1.8ལེན་རོགས་བྱས་ནས་ངལ་རྩོལ་ཐོབ་ཆ་བདའ་འདེད་ཚུར་ལེན་གྱི་རྩོད་གཞི་ཞིག་འདུམ་འགྲིག་ནུས་ལྡན་བྱས་པ་རེད།

    གྱོད་གཞི་བདག་སྤྲོད་བྱས་རྗེས། གྱོད་གཞི་སྒྲུབ་འགན་འཁུར་མཁན་ཞིབ་དཔྱོད་དཔོན་གྱིས་གྱོད་གཞི་དེའི་དོ་བདག་ཚང་མ་ཕྱི་ཕྱོགས་སུ་ཡོད་པའི་དོན་དངོས་གནས་ཚུལ་ལ་བསམ་གཞིག་བྱས་ནས“དྲ་ཐོག་འབྲེལ་གཏུག”བྱེད་སྟངས་གང་ལེགས་སྤྱད་དེ་རེ་ཞུ་བྱེད་མཁན་དང་རེ་ཞུ་བྱ་ཡུལ་དབར་འབྲེལ་གཏུག་གྲོས་མོལ་ཐེངས་མང་བྱ་རྒྱུའི་ཁྲིད་སྟོན་བྱས་པ་དང་། ཕྱོགས་གཅིག་ནས་རེ་ཞུ་བྱེད་མཁན་བསོད་ཆེ་གེ་མོ་སོགས་མི་ལྔའི་ལས་སྒྲུབ་གནས་ཚུལ་དང་རེ་འདུན་ངང་རྒྱུད་རིང་པོས་ཉན་ནས་ཤེས་རྟོགས་བྱས་པ་དང་ཆབས་ཅིག་འབྲེལ་ཡོད་དཔང་རྟགས་འཚོལ་བསྡུ་བྱས་པ་དང་། ཕྱོགས་གཞན་ཞིག་ནས་རེ་འདུན་ཞུ་ཡུལ་འཆི་ཆེ་གེ་མོར་འབྲེལ་བ་བྱས་ཏེ་བཅའ་ཁྲིམས་ལ་བརྟེན་ནས་གནས་ལུགས་བཤད་པ་དང་། ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་བྱས་པའི་བཅའ་ཁྲིམས་ཀྱི་འགན་འཁྲི་གཙོ་གནད་དུ་བཟུང་ནས་རྒྱས་བཤད་བྱས་ཏེ། ཁོ་པར་བསོད་ཆེ་གེ་མོ་སོགས་ཀྱི་ངལ་རྩོལ་ཐོབ་ཆ་དུས་ཐོག་ཏུ་སྤྲོད་དགོས་པའི་སྐུལ་ལྕག་བྱས་ཡོད། ཞིབ་དཔྱོད་དཔོན་གྱིས་འབྲེལ་གཏུག་མཐུན་སྦྱོར་ཐེངས་མང་བྱས་མཐར་དོ་བདག་ཕྱོགས་གཉིས་པོའི་དབར་འདུམ་འགྲིག་གི་གྲོས་མཐུན་བྱུང་བ་དང་རེ་འདུན་ཞུ་ཡུལ་གྱིས་འགྱངས་ཆད་བྱས་པའི་གླ་ཆ་ཚང་མ་དུས་ཐོག་ཏུ་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།