དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • སོལ་རླངས་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་མན་ངག་འདི་དག་ཡིད་ལ་བརྟན་པོར་ཟུངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-17

    ཐོན་ཁར་གཅུས་སྒོ་ཡག་པོ་རྒྱག་པ། ཕྱིར་ཐོན་ཁར་ངེས་པར་དུ་སོལ་རླངས་དབུགས་རིལ་གྱི་གཅུས་སྒོ་དང་། མདོང་ལམ་དང་སྦུ་གུའི་སྦྲེལ་མཐུད་ཀྱི་གཅུས་སྒོ ཐབ་ཆས་ཀྱི་གཅུས་སྒོ་བཅས་ལ་ཞིབ་བཤེར་བྱེད་དགོས་པ་མ་ཟད་གཅུས་སྒོ་ཡག་པོ་རྒྱག་དགོས།

    སོལ་རླངས་མདོང་ལམ་གཞན་ལ་བེད་སྤྱོད་གཏོང་མི་རུང་། སོལ་རླངས་ཀྱི་ཆུ་ཚོད་དང་ཆུ་ཚ་པོ་བཟོ་ཆས་སོགས་སོལ་རླངས་སྒྲིག་བཀོད་དང་དེའི་ཞོར་གཏོགས་མདོང་ལམ་བཏུམས་མི་ཉན་པ་དང་། སོལ་རླངས་མི་ཤོར་པའི་ཆེད་དུ་སོལ་རླངས་སྒྲིག་བཀོད་ལ་ཅ་ལག་གཞན་དག་སྐོན་མི་རུང་།

    འབར་སླ་བའི་དངོས་པོ་སྔོན་ཚུད་ནས་གཙང་སེལ་བྱེད་དགོས། སོལ་རླངས་ཐབ་ཆས་ཀྱི་འགྲམ་དུ། གལ་སྲིད་འབར་སླའི་དངོས་པོ་ཡོད་ཚེ་གང་མགྱོགས་གཙང་སེལ་བྱེད་དགོས་པ་དང་། སོལ་རླངས་ཐབ་ཆས་སྤྱོད་སྐབས། དེའི་འགྲམ་དུ་འབུ་གསོད་སྨན་ཆུ་སོགས་འབར་སླའི་སྨན་ཆུ་གཏོར་མི་རུང་།

    སོལ་རླངས་དབུགས་རིལ་མགོ་རྟིང་སློག་མི་ཉན། སོལ་རླངས་དབུགས་རིལ་སྤྱོད་སྐབས། དབུགས་རིལ་ངེས་པར་དུ་ཀྲོང་ངེར་བསླངས་ནས་འཇོག་པ་ལས་དབུགས་རིལ་གྱི་མཐིལ་ཚ་པོ་བཟོ་བ་དང་། མགོ་རྟིང་སློག་པ། འཕྲེད་དུ་བསྙལ་བ། སྐྱོམ་སྐྱོམ་སོགས་བྱེད་མི་ཉན།

    རླུང་འགྲོ་ཡག་པོ་དགོས་ལ་ཐབ་ལ་ཡང་ཡང་ལྟ་དགོས། སོལ་རླངས་སྤྱོད་སའི་ཁང་པའི་སྒོ་དང་སྒེའུ་ཁུང་ཕྱེ་ནས་རླུང་འགྲོ་ས་ཡོད་པ་བྱེད་དགོས་པ་དང་། ལྟོ་སྣོད་ནང་གི་ཆུ་ལུད་དེ་མེ་རང་བཞིན་ངང་ཤི་ནས་སོལ་རླངས་ཤོར་བའི་གནས་ཚུལ་མི་ཐོན་པ་བྱེད་ཆེད། ཁ་ལག་བཟོ་སྐབས་དང་ཆུ་སྐོལ་སྐབས་ཐབ་ཀྱི་འགྲམ་དུ་སྡོད་དགོས།

    ཐབ་ཆས་དང་། སྦུ་གུ གཅུས་སྒོ་བཅས་ངེས་པར་དུ་ཚད་གཞི་ལོན་དགོས། སོལ་རླངས་ཐབ་ཆས་དང་། སྦུ་གུ སོལ་རླངས་དབུགས་་རིལ། སྙོམས་སྒྲིག་གཅུས་སྒོ་སོགས་ཉོ་སྐབས་ཚད་གཞི་ལོན་པའི་ཐོན་རྫས་ཉོ་དགོས་པ་དང་། རབ་བྱུང་ན་མེ་གསོད་སྲུང་སྐྱོང་གི་ཕན་ནུས་ལྡན་པའི་ཐབ་ཆས་སྤྱོད་དགོས།

    རང་དགར་སྒྱུར་བཟོ་སྒྲིག་བཤིག་བྱེད་མི་རུང་། སོལ་རླངས་མདོང་ལམ་དང་སྒྲིག་ཆས་ལ་རང་དགར་སྒྱུར་བཟོ་སྒྲིག་བཤིག་བྱེད་མི་རུང་ལ་སོལ་རླངས་དབུགས་རིལ་བརྗེ་སྐབས། སྦུ་གུ་སྦྲེལ་མཐུད་ཡག་པོ་བྱེད་དགོས་པ་མ་ཟད། ད་དུང་སོལ་རླངས་ཤོར་མིན་ལ་ཞིབ་བཤེར་ནན་པོ་བྱེད་དགོས།

    རྟག་ཏུ་ཞིབ་བཤེར་དང་དུས་ཐོག་ཏུ་བརྗེ་བ། སོལ་རླངས་སྦུ་གུ་རྙིང་པ་ཆགས་ཡོད་མེད་དང་སྦྲེལ་མཐུད་ཡག་པོ་ཡོད་མེད་ལ་རྟག་ཏུ་ཞིབ་བཤེར་བྱེད་དགོས། གལ་སྲིད་གནད་དོན་ཡོད་པ་ཤེས་ཚེ། དུས་ཐོག་ཏུ་ཆེད་ལས་ལས་དོན་པར་འབྲེལ་གཏུག་བྱས་ནས་ཉམས་བཟོ་དང་ཡང་ན་གསར་པ་བརྗེ་དགོས།

    སོལ་རླངས་ཤོར་ཚེ་གློག་སྤོར་མི་རུང་། སོལ་རླངས་ཤོར་གྱི་ཡོད་པ་ཤེས་ཚེ། འཕྲལ་དུ་གཅུས་སྒོ་བརྒྱབ་རྗེས་སྒོ་དང་སྒེའུ་ཁུང་ཕྱེ་ནས་རླུང་འགྲོ་ཡག་པོ་ཐུབ་པར་བྱེད་དགོས་པ་ལས། གློག་ཆས་དང་མེ་ཆ་སོགས་སྤྱད་དེ་སོལ་རླངས་ཤོར་སར་ཞིབ་བཤེར་བྱེད་མི་ཉན།

    ཉེན་ཁ་ཡོད་ཚེ་དེ་ནས་མགྱོགས་མྱུར་བྲལ་དགོས། སོལ་རླངས་བདེ་འཇགས་ཀྱི་ལས་འཛོལ་གང་རུང་ཐོན་ཚེ། ཉེན་ཁའི་གནས་ལས་མགྱོགས་མྱུར་བྲལ་དགོས་པ་དང་ཆབས་ཅིག སོལ་རླངས་ཀུང་སི་དང་སྡེ་ལས་ལ་དུས་ཐོག་ཏུ་འབྲེལ་གཏུག་བྱེད་དགོས། གནས་ཚུལ་ཚབས་ཆེན་པོ་ཡོད་ཚེ་119ལ་ཁ་པར་རྒྱག་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།