དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཤ་གསོས་ཤང་མངགས་གཏོང་ཁང་གིས་ཇ་ཁང་ནང་དུ་ཏང་གི་བཀའ་དྲིན་གླེང་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་མི་སེམས་ལ་ཟུག་པར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-12

    ཉེ་ཆར། འཕྱོངས་རྒྱས་རྫོང་ཤ་གསོས་ཤང་མངགས་གཏོང་ཁང་གིས་ཤང་སྲིད་གཞུང་དང་མཉམ་འབྲེལ་བྱས་ཏེ། ཤ་གསོས་གྲོང་ཚོའི་ཏང་དང་མང་ཚོགས་ཀྱི“ཇ་ཁང་ནང་དུ་ཏང་གི་བཀའ་དྲིན་གླེང་། ཁྲིམས་སྐྱོང་དྲིལ་བསྒྲགས་མང་ཚོགས་སེམས་ལ་ཟུག”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་དྲི་བར་ལན་འདེབས་པའི་བྱེད་སྒོ་སྤེལ་ཞིང་། ས་གནས་ས་ཐོག་ཏུ་གསལ་འགྲེལ་དང་དྲི་བར་ལན་འདེབས་པའི་རྣམ་པར་བརྟེན་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་དེ་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་དང་མཉམ་འདྲེས་ཐུབ་པར་བྱས་ཏེ། ཞིང་འབྲོག་མང་ཚོགས་ཚོས་སྔར་བས་དང་ལེན་ཐུབ་པ་བྱས་ཡོད།

    བྱེད་སྒོ་སྤེལ་རིང་། མི་དམངས་ཉེན་རྟོག་པས་ཞིང་འབྲོག་མང་ཚོགས་ཚོར་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞིའི་ཁྱད་ཆོས་དང་། ཁ་བསླུས་རྒྱག་མཁན་གྱི་རྒྱུན་སྤྱོད་ཁ་བསླུས་རྒྱག་སྟངས། དེ་བཞིན་སྔོན་འགོག་བྱེད་ཐབས་བཅས་གཙོ་གནད་ཐོག་གསལ་འགྲེལ་བྱས་པ་དང་ཆབས་ཅིག མིག་སྔའི་ལས་དོན་དང་ཟུང་འབྲེལ་གྱིས་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་དང་། “རྨོག་ཞྭ་གཅིག་དང་སྲུང་ཐག་གཅིག”གི་གལ་ཆེའི་རང་བཞིན། ཁྲིམས་མཐུན་ཞུ་འབུལ་ཇི་ལྟར་བྱེད་པ་སོགས་ཀྱི་ནང་དོན་འགྲེལ་བཤད་བརྒྱབ་པ་རེད། ཞིང་འབྲོག་མང་ཚོགས་ཚང་མས་འཚང་ཁ་ཤིག་ཤིག་ངང་ལན་འདེབས་བྱེད་སྒོར་ཞུགས་པས་བྱེད་སྒོ་སྤེལ་ཡུལ་གྱི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།