དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • སེམས་ཁམས་བདེ་ཐང་ལ་དོ་སྣང་བྱས་ནས་གཞོན་ནུ་ལོ་ཆུང་འཚར་ལོངས་ཡག་པོ་ཡོང་བར་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-12

    ཕྲུ་གུ་དང་ཁྱིམ་བདག་ཚོས་གཞོན་ནུ་ལོ་ཆུང་གི་སེམས་ཁམས་བདེ་ཐང་སྐོར་གྱི་ཤེས་བྱ་ཤེས་རྟོགས་ཐུབ་ཤུགས་སྔར་བས་ཆེ་རུ་གཏོང་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྗེ་འབུམ་སྒང་ཁྲོམ་གཞུང་མི་དམངས་འཐུས་ཚོགས་ལས་དོན་ཨུ་ལྷན་གྱིས་གཞོན་ནུ་ལོ་ཆུང་གི་སེམས་ཁམས་བདེ་ཐང་ལ་དོ་ཁུར་བྱེད་ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཆེད་དོན་འཆད་ཁྲིད་བྱེད་སྒོ་སྤེལ་ཞིང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་སྒྲོག་འགྲེལ་པ་གྲགས་ཅན་ངག་དབང་དོན་གྲུབ་ཆེད་མངགས་འཆད་ཁྲིད་ལ་གདན་དྲངས་པ་རེད། ད་ཐེངས་ཀྱི་འཆད་ཁྲིད་ནང་རྗེ་འབུམ་སྒང་དང་། ར་མོ་ཆེ། རྨེ་རུ། ཚེ་སྨོན་གླིང་སོགས་སྡེ་ཁུལ་བཞིའི་སློབ་འབྲིང་སློབ་མ་དང་ཁྱིམ་བདག་ཞུགས་ཡོད་པ་རེད།

    འདི་ནི་ངག་དབང་དོན་གྲུབ་ཀྱིས་གཏིང་ཟབ་ལ་གོ་བདེ་བའི་སྒོ་ནས་གཞོན་ནུ་ལོ་ཆུང་གི་སེམས་ཁམས་བདེ་ཐང་གི་གཙོ་གནད་འགྲེལ་བཤད་བརྒྱབ་པ་དང་འབྲེལ་དམའ་འབྲིང་སློབ་མའི་སེམས་ཁམས་ཀྱི་ཁྱད་ཆོས་དང་། སློབ་སྦྱོང་བྱེད་ཐབས། ཁྱིམ་ཚང་སློབ་གསོ་སོགས་ཀྱི་སྐོར་གསོན་ཉམས་དོད་པོས་འགྲེལ་བཤད་རྒྱག་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།