དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷོ་ཁ་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱི་ཤེས་བྱའི་བདག་དབང་གཞུང་ལས་ཁང་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-12

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་སྣེ་གདོང་ཆུས་མི་དམངས་ཞིབ་དཔྱོད་ཁང་དུ“གྲོང་ཁྱེར་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཤེས་བྱའི་བདག་དབང་གཞུང་ལས་ཁང”གི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་ཤིང་། དེ་ཐོག་ནས་ལྷོ་ཁ་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ཤེས་བྱའི་བདག་དབང་ལ་ཁྲིམས་འཛིན་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བར་རམ་འདེགས་བྱེད་པར་གོམ་པ་བརྟན་པོ་སྤོས་པ་མཚོན་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ཤེས་བྱའི་བདག་དབང་ཞིབ་དཔྱོད་གཞུང་ལས་ཁང་བཙུགས་རྗེས་ཆེད་ལས་ཅན་གྱི་གྱོད་སྒྲུབ་ཚོགས་པ་ཞིག་བཙུགས་ནས། ཤེས་བྱའི་བདག་དབང་དང་འབྲེལ་བ་ཡོད་པའི་ཉེས་དོན་ཞིབ་དཔྱོད་དང་། དམངས་དོན་ཞིབ་དཔྱོད། སྲིད་འཛིན་ཞིབ་དཔྱོད། སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་བཅས་ལ་ལྟ་སྐུལ་གྱི་ལས་དོན་ཕྱོགས་བསྡུས་དང་ཕྱོགས་ཡོངས་ནས་སྤེལ་ཏེ་གྱོད་གཞི་སྒྲུབ་གཉེར་ཆེད་ལས་ཅན་དང་ལེགས་བསྡུས་ཅན་མངོན་འགྱུར་བྱ་རྒྱུ་དང་། “ཞིབ་དཔྱོད་ཆེན་པོ་བཞིར”དུས་གཅིག་ཏུ་ཤུགས་རྒྱག་པའི་ལས་ཀའི་ལམ་སྲོལ་ཆ་ཚང་ཞིག་བཙུགས་ཏེ། ཞིབ་དཔྱོད་གྱོད་སྒྲུབ་དང་ལྟ་སྐུལ་གྱི་མཉམ་ཤུགས་ཤིག་ཆགས་པར་བྱེད་པ་དང་། ཤེས་བྱའི་བདག་དབང་ལ་ཁྲིམས་འཛིན་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། བྱ་སྤྱོད་དངོས་ཀྱི་ཐོག་ནས“ཞིབ་དཔྱོད་ཀྱིས་ཁེ་ལས་ལ་སྲུང་སྐྱོང”བྱེད་པའི་ཆེད་དོན་བྱ་སྤྱོད་ཀྱི་དམིགས་ཚད་དང་ལས་འགན་དོན་འཁྱོལ་བཅས་བྱས་ནས། ལྷོ་ཁ་གྲོང་ཁྱེར་གྱི་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྱོང་ལ་རོགས་རམ་བྱ་རྒྱུ། ལས་དོན་གྱི་སྤྱིའི་དམིགས་ཚད་ཁ་གསལ་བཟོས་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་ལ་ཤུགས་སྣོན་དང་། གྱོད་སྒྲུབ་ལ་མཛུབ་ཁྲིད། ཕྱི་ནང་མཉམ་ལས་ཤར་གཏོང་སོགས་ཐད་དགེ་མཚན་ལྡན་པའི་ནུས་པ་བཏོན་ནས་ལྷོ་ཁ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་ལེན་ལ་ཞབས་འདེགས་ཞུ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།