དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རང་ལྗོངས་ཀྱི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་སློབ་མར་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-12

    ཉེ་ཆར། གསར་འགོད་པས་ལྗོངས་སྤྱི་བདེ་ཐིང་འགྲིམ་འགྲུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར། སློབ་མའི་འགྲིམ་འགྲུལ་བདེ་འཇགས་མཐོ་རུ་གཏོང་བའི་བྱ་སྤྱོད་འཆར་གཞི་སྔར་བས་ལག་བསྟར་བྱ་ཆེད། ལྗོངས་སྤྱི་བདེ་ཐིང་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས“རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་བདེ་འཇགས་སློབ་གསོའི་ཉིན་མོ”29པ་གོ་སྐབས་སུ་བྱས་ནས་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་སྐུལ་འདེད་གཏོང་བ་དང་ལས་འགན་དང་བྱེད་ཐབས་ཞིབ་ཚགས་སུ་བཏང་ནས་སློབ་མར་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོ་ཧུར་ཐག་སྤེལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་སྤྱི་བདེ་ཐིང་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་ལྗོངས་ཡོངས་ཀྱི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཅུས་ཀྱི་སྡེ་ཚན་བཀོད་སྒྲིག་བྱས་ནས“ཉེན་ཁ་རྟོགས་པ་དང་། ཉེན་གཡོལ་ཤེས་པ”དང་2024ལོའི“རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་བདེ་འཇགས་སློབ་གསོའི་ཉིན་མོའི”འགྲིམ་འགྲུལ་བདེ་འཇགས་ཀྱི་བརྗོད་དོན་གཙོ་བོའི་སློབ་ཚན་ཐད་གཏོང་གི་སྔོན་བརྡ་བཏང་ནས་སློབ་མ་དང་ཁྱིམ་བདག་སྒྲིག་འཛུགས་བྱས་ཏེ་ལྟ་རུ་བཅུག་ཡོད། སྤྱི་ཕན་ཁེ་ལས་ཀྲུང་གོ་སྲོག་རྟེན་འགན་བཅོལ་ནོར་དོན་འགན་བཅོལ་བོད་ལྗོངས་ཡན་ལག་ཀུང་སི་དང་མཉམ་དུ་ལྷ་ས་སློབ་འབྲིང་དུ“ཉེན་ཁ་ཤེས་པ་དང་ཉེན་གཡོལ་རྟོགས་པའི”བརྗོད་དོན་གཙོ་བོར་བརྟེན་ནས“རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་བདེ་འཇགས་སློབ་གསོའི་ཉིན་མོའི”བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ཏེ་ལྗོངས་ཡོངས་ཀྱི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་ཆེད་སྔོན་ཐོན་དཔེ་བཟང་གི་ནུས་པ་བཏོད་ཡོད།

    “ཉེན་ཁ་རྟོགས་པ་དང་ཉེན་གཡོལ་ཤེས་པའི”བརྗོད་དོན་གཙོ་བོར་དམིགས་ཏེ་ལྗོངས་ཡོངས་ཀྱི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་སྲོལ་རྒྱུན་སྨྱན་སྦྱོར་དང་སྨྱན་སྦྱོར་གསར་པའི་བྱ་ཐབས་བརྒྱུད་དྲིལ་བསྒྲགས་སློབ་གསོའི་ལས་དོན་གནད་ལ་འཁེལ་ཞིང་ཞིབ་ཚགས་པའི་སྒོ་ནས་ཡག་པོ་བསྒྲུབས་ཏེ། དྲིལ་བསྒྲགས་སློབ་གསོའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ནུས་ཤུགས་ཡོད་རྒུས་ཆེ་རུ་བཏང་ཡོད། ལྷ་ས་སློབ་འབྲིང་དུ་བྱེད་སྒོ་སྤེལ་རིང་ལྗོངས་སྤྱི་བདེ་ཐིང་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་སློབ་གསོའི་ལད་ཟློས་བྱེ་གཞུང་9བཀོད་སྒྲིག་བྱེད་པ་དང་། ལད་ཟློས་ཉམས་ལེན་དང་བྱ་དགའི་འགྲན་བསྡུར་ལན་འདེབས་སོགས་མཉམ་འགུལ་གྱི་རྣམ་པ་བརྒྱུད་སློབ་མ་ཚོ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་སྦྱོང་བའི་ཧུར་བརྩོན་རང་བཞིན་འཕེལ་བར་བྱས་ཡོད། བྱེད་སྒོའི་རིང་སློབ་འབྲིང་སློབ་མ་བདེ་འཇགས་ཕྱིར་སྐྱོད་ཀྱི་ནང་དོན་འཁོད་པའི་པར་རིས་རྒྱ་ཁྱབ་བརྡ་སྦྱོར་9བཟོས་པ་དང་སློབ་གྲྭའི་ཕྱིའི་LEDབརྙན་ཤེལ་ནས་བོད་སྐད་དང་རྒྱ་སྐད་ཀྱི་ཀོ་ཕིག་ལེ་ཚན་9སྟོན་པ་དེར་སྐར་མ་30ཙམ་ཟིན་པ་དང་དྲིལ་བསྒྲགས་དངོས་པོ་2000ཙམ་སྤྲད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།