བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱི་བསམ་འཆར་དང་གྲོས་གཞིའི་ལས་འགན་རྩིས་སྤྲོད་ཚོགས་འདུ་འཚོགས་པ།
ཚེས་8ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱི་བསམ་འཆར་དང་གྲོས་གཞིའི་ལས་འགན་རྩིས་སྤྲོད་ཚོགས་འདུ་འཚོགས་པ་རེད།
རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཡོན་ཀྲང་ཚེ་བརྟན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། བསམ་འཆར་དང་གྲོས་གཞི་སྒྲུབ་གཉེར་གྱི་ལས་དོན་ནང་མང་ཚོགས་ཀྱི་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་དང་། དམངས་ཀྱི་བློ་གྲོས་རྒྱ་ཁྱབ་ངང་གཅིག་སྡུད་བྱེད་པ། ཇུས་བཟང་རྒྱ་ཁྱབ་ངང་འདིང་བ་བཅས་བྱས་ཏེ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དམངས་འཚོར་ཕན་པ་འདོགས་པ། དམངས་སེམས་དྲོ་བ་བཅས་ཀྱི་ཁྲིམས་འཛིན་བྱེད་ཐབས་ལ་བསྒྱུར་བར་སྐུལ་འདེད་གཏོང་དགོས། འདི་ལོའི་བསམ་འཆར་དང་གྲོས་གཞི་དང་གྱོད་གཞིར་དོ་ཁུར་བྱེད་པའི་ལས་དོན་ཏན་ཏིག་ངང་ལེགས་སྒྲུབ་བྱེད་པ་དང་། འཐུས་མི་དང་ཨུ་ཡོན་གྱིས་ཁྲིམས་ལྟར་འགན་འཁྲི་བསྒྲུབ་པར་རྒྱབ་སྐྱོར་དང་ཞབས་འདེགས་ཧུར་ཐག་ཞུས་ནས། ཁྲིམས་ཁང་གི་ལས་དོན་ལ་སྔར་བས་ཤུགས་སྣོན་དང་ལེགས་སུ་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་གཅིག་ཏུ་བསྒྲིལ་དགོས། མཐུན་སྦྱོར་དང་འབྲེལ་གཏུག་དེ་ལས་དོན་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས། མ་སྒྲུབ་གོང་མཐུན་སྦྱོར་དང་། བསྒྲུབ་རིང་བརྟག་ཞིབ། བསྒྲུབས་རྗེས་སྤེལ་རེས་བཅས་ཀྱི་ལས་ཀའི་ལམ་སྲོལ་སྔར་བས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། བསམ་འཆར་དང་གྲོས་གཞི་ཚང་མ་ཡག་པོ་བསྒྲུབ་པ་དང་། ཏན་ཏིག་བསྒྲུབ་པ། གནད་སྨིན་བསྒྲུབ་པ་བཅས་ཧུར་ཐག་བྱས་ནས། ཕན་འབྲས་དངོས་ཐོན་པ་དང་གྲུབ་འབྲས་དངོས་མཐོང་ཐུབ་པར་བྱེད་དགོས། བྱ་སྤྱོད་དངོས་ལ་བརྟེན་ནས་འཐུས་མི་དང་ཨུ་ཡོན་གྱི་བསམ་ཤེས་དང་། ཁས་ལེན། རྒྱབ་སྐྱོར་བཅས་ཐོབ་པར་བྱས་ཏེ། རང་རྟོགས་ངང་ལྟ་སྐུལ་དང་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས།
ལྗོངས་མི་དམངས་འཐུས་ཚོགས་དང་སྲིད་གྲོས་ལས་ཁུངས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་དེ་བཞིན་རྒྱལ་ཡོངས་དང་རང་སྐྱོང་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་ཁག་གཅིག་གདན་ཞུས་ལྟར་ཚོགས་འདུར་ཞུགས་ཡོད་པ་རེད།