དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས“ཆང་བཏུངས་འཁོར་གཏོང་དང་དུག་འཐེན་འཁོར་གཏོང”ལ་ཞིབ་བཤེར་འཛིན་བཟུང་གི་བྱ་སྤྱོད་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-09

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་འགྲིམ་འགྲུལ་ཉེན་རྟོག་པ་དང་། དུག་འགོག ལྟ་ཞིབ་སོགས་ཉེན་རྟོག་གིས་གྲོང་ཁུལ་གྱི་འགྲོ་ལམ་གཙོ་བོར་ཚན་རིག་དང་མཐུན་པའི་ངང་ཉེན་རྟོག་པ་བཀོད་སྒྲིག་བྱས་ཏེ། “ཆང་བཏུངས་འཁོར་གཏོང་དང་། ར་བཟི་འཁོར་གཏོང་། དུག་འཐེན་འཁོར་གཏོང”བཅས་ཀྱི་བཅོས་སྒྲིག་བྱ་སྤྱོད་ཏན་ཏིག་སྤེལ་ནས། ཆང་བཏུངས་འཁོར་གཏོང་དང་། ར་བཟི་འཁོར་གཏོང་། དུག་འཐེན་འཁོར་གཏོང་བཅས་དང་། འཁོར་བྱང་དང་ཁ་ལོ་བའི་ལག་ཁྱེར་དང་འབྲེལ་བ་ཡོད་པ་སོགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཚབས་ཆེན་ལ་རྡུང་རྡེག་ཚ་ནན་བཏང་སྟེ་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་འཛིང་རགས་བརྟན་དུ་བཏང་ནས་མི་དམངས་མང་ཚོགས་ཕྱིར་སྐྱོད་ཀྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་རེད།

    བྱ་སྤྱོད་སྤེལ་རིང་། མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་དོན་དངོས་གནས་ཚུལ་དང་མང་ཚོགས་ཕྱིར་སྐྱོད་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། ལམ་དུམ་གཙོ་བོར་ཞིབ་བཤེར་ས་ཚིགས་བཀོད་སྒྲིག་བྱས་ནས་བྱ་སྤྱོད་སྤེལ་བ་ལས་ཆང་བཏུངས་ནས་རླངས་འཁོར་གཏོང་མཁན་5དང་ར་བཟི་ནས་རླངས་འཁོར་གཏོང་མཁན་3ཞིབ་བཤེར་ཐུབ་པ་རེད། པར་འདི་དག་ནི་ཉེན་རྟོག་ལས་རིགས་སྣ་ཚོགས་ཀྱིས་ཞིབ་བཤེར་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།