དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རྩྭ་མདའི་སྤྱི་བདེས་གཅེར་མོལ་ཁ་བསླུས་ཤིག་སྔོན་འགོག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-09

    ཟླ་3ཚེས་5ཉིན་གྱི་ཆུ་ཚོད་21དང་སྐར་མ་7ཙམ་ལ་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན(ཁ་བསླུས་ངོ་རྒོལ་ལྟེ་གནས)ལ་བཀོད་འདོམས་ལྟེ་གནས་ཀྱིས་བཏང་བའི་བཀའ་ཞིག་འབྱོར་བ་སྟེ། “མི་གཞན་གྱི་མགོ་སྐོར་འོག་ཚུད་པའི་ཉེན་ཁ་ཆེ་བས་སྤྱི་བདེ་ལས་ཁུངས་ཀྱིས་རོགས་རམ་གནང་རོགས་ཞེས་པའི་མང་ཚོགས་ཀྱི་རེ་བར་རོགས་རམ་བྱ་རྒྱུ་དེ་རེད།

    རྩྭ་མདའ་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན(ཁ་བསླུས་ངོ་རྒོལ་ལྟེ་གནས)གྱི་མི་དམངས་ཉེན་རྟོག་པར་བཀོད་འདོམས་ལྟེ་གནས་ཀྱི་བཀའ་འབྱོར་མ་ཐག གནས་ཚུལ་ཐོན་ཡུལ་དུ་བསྐྱོད་དེ་གནས་ཚུལ་སྙན་སེང་ཞུ་མཁན་དང་འབྲེལ་བ་བྱས། ཆུ་ཚོད་21དང་སྐར་མ་10ཙམ་ལ་མི་དམངས་ཉེན་རྟོག་པ་མི་དེའི་སྡོད་སར་སླེབས་སྐབས། ཝང་ཆེ་གེ་མོས(མིང་ཚབ)སྐྱེས་པ་ཞིག་ལ་QQབརྙན་ལམ་ནས་ཁ་པར་རྒྱག་བཞིན་ཡོད་པ་དང་། ཕ་རོལ་པོས་ཝང་ག་གེ་མོར(མིང་ཚབ)འཇིགས་སྣང་སྐུལ་ནས་གང་མགྱོགས་དངུལ་ཁོངས་སྒྱུར་དགོས་ལུགས་ཤོད་བཞིན་པའི་སྒང་རེད་འདུག་ལ། ཝང་ཆེ་གེ་མོས(མིང་ཚབ)ཀྱང་གྲོགས་པོའི་ས་ནས་དངུལ་གཡར་ཟིན་ནས་ཐེ་ཚོམ་བྱེད་པའི་སྐབས་དང་འཁེལ་བས། ཉེན་རྟོག་པས་དུས་ཐོག་ཏུ་བཀག་ཐུབ་པ་རེད།

    བསམ་བློ་འཁོར་བ་ཙམ་གྱིས་འདར་སིག་ཤོར་བའི་གནས་ཚུལ་དེ་ཡང་ཟླ་3ཚེས་5ཉིན་གྱི་དགོང་མོར་ཐོན་ཞིང་། ཉིན་དེའི་དགོང་མོར་ཝང་ཆེ་གེ་མོ(མིང་ཚབ)མགྲོན་ཁང་དུ་ལས་ཐོགས་ཁ་པར་རྩེད་ནས་སྡོད་སྐབས་བརྙན་ལམ་སྟེགས་བུ་ཞིག་དང་སྦྲེལ་མཐུད་བྱས་ནས་གྲོགས་སྒྲིག་མཉེན་ཆས་ཕབ་ལེན་བྱས་པ་བརྒྱུད།“མཛེས་མ”ཞིག་ངོ་ཤེས་ནས་ཕན་ཚུན་གང་བསམ་ཅི་དགར་གླེང་། དེ་རྗེས“མཛེས་མས”ཝང་ཆེ་གེ་མོར(མིང་ཚབ)མཉེན་ཆས་ཤིག་ཕབ་ལེན་བྱེད་དགོས་པའི་རེ་བ་བཏོན། ཁོས་QQབརྙན་ལམ་ཕབ་ལེན་བྱས་རྗེས་གཅེར་མོལ་བྱེད་འགོ་ཚུགས། འོན་ཀྱང་སྐར་མ་གཅིག་ཀྱང་མ་འགོར་བར། ཝང་ཆེ་གེ་མོ(མིང་ཚབ)ལ་ཕ་རོལ་པོས་བསྐུར་བའི་ཁོ་གཉིས་ཕན་ཚུན་གཅེར་མོལ་བྱས་པའི་བརྙན་ཐུང་དང་ཝང་ཆེ་གེ་མོ(མིང་ཚབ)ཡི་ཁ་པར་ནང་གི་ཁ་པར་ཨང་གྲངས་སོགས་ཀྱི་སྐོར་བཀོད་པའི་ཆ་འཕྲིན་འབྱོར། དེ་རྗེས་ཕ་རོལ་པོས་ཝང་ཆེ་གེ་མོར(མིང་ཚབ)འཕྲལ་མར་དངུལ་ཁོངས་སྒྱུར་དགོས་ལུགས་བཤད་པ་མ་ཟད། གལ་ཏེ་དེ་ལྟར་མ་བྱས་ཚེ་གཅེར་མོལ་བྱས་པའི་སྐོར་ཁ་པར་ནང་གི་ཨང་གྲངས་ཚང་མར་བསྐུར་གྱི་ཡིན་ཞེས་འཇིགས་སྣང་སྐུལ་བ་རེད།

    ཝང་ཆེ་གེ་མོ(མིང་ཚབ)ཡི་དངུལ་སྒྱུར་བྱ་སྤྱོད་བདེ་བླག་ངང་བཀག་འགོག་ཐུབ་རྗེས། མི་དམངས་ཉེན་རྟོག་པས་ཝང་ཆེ་གེ་མོར(མིང་ཚབ)སྐྱོན་བརྗོད་དང་སློབ་གསོ་བཏང་བ་དང་། གློག་འཕྲིན་དྲ་རྒྱའི་ཁ་བསླུས་རིགས་ལ་དོགས་ཟོན་བྱེད་དགོས་ལུགས་སྐོར་བརྗོད་པ་མ་ཟད། ད་དུང་ཁོ་པར་དཔེ་མཚོན་རང་བཞིན་གྱི་གཅེར་མོལ་ཁ་བསླུས་དེ་རིགས་འཕྲད་ནས་དངུལ་ཁོངས་བསྒྱུར་ན་ཕྲ་མའི་གཡོ་སྒྱུའི་མགོ་སྐོར་འོག་ཚུད་ལུགས་བཤད། ཁ་ཏ་བསླབ་བྱ་དུས་ཐོག་ཏུ་བྱས་པར་བརྟེན་ཝང་ཆེ་གེ་མོ(མིང་ཚབ)ཡིས་དངུལ་ཁོངས་སྒྱུར་མེད་ལ་མི་དེ་དང་འབྲེལ་བའང་བཅད། ཁོ་པས་སླད་ཕྱིན་རང་གིས་རང་ལ་གཅུན་འདོམས་ཡག་པོ་བྱས་ཏེ། དོགས་ཟོན་གྱི་འདུ་ཤེས་དེ་བས་ཟབ་ཏུ་བཏང་གི་ཡིན་ཞེས་བཤད། (སྤེན་ཚེས་བསྒྱུར། སྤེན་ཚེ་དང་ཟླ་ཕུར་གྱིས་ཞུས)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།