དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • པ་སྣམ་རྫོང་གི་མི་དམངས་ཉེན་རྟོག་པས་ཁྲུང་ཁྲུང་མགོ་ཁྲ་ཞིག་བསྐྱབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-09

    འདི་ནི་མི་དམངས་ཉེན་རྟོག་པས་རྨས་སྐྱོན་ཕོག་པའི་ཁྲུང་ཁྲུང་མགོ་ཁྲ་པ་སྣམ་རྫོང་ནགས་ཚལ་རྩྭ་ཐང་ཅུས་ཀྱི་ལས་དོན་པར་རྩིས་སྤྲོད་བཞིན་པ།

    ཉེ་ཆར། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཏེ་ཁྲུང་ཁྲུང་མགོ་ཁྲ་ཞིག་གློག་སྐུད་ལ་འཁོན་ནས་ཞིང་ནང་དུ་ལྷུངས་བ་མཐོང་སྐབས། སེམས་རྩ་འཁོལ་བའི་མང་ཚོགས་ཀྱིས་ཉེན་རྟོག་ཕྱོགས་ལ་རོགས་སྐྱོར་གནང་རོགས་ཞུས། གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་གི་ཉེན་རྟོག་ཕྱོགས་ཀྱིས་ཁྲུང་ཁྲུང་མགོ་ཁྲ་མངགས་གཏོང་ཁང་ལ་འཁྱེར་ཡོང་ནས་ལྟ་རྟོག་བྱས་པ་དང་ཆབས་ཅིག འབྲེལ་ཡོད་སྡེ་ཚན་ལ་སྐྱོབ་བཅོས་ཡག་པོ་བྱ་རྒྱུར་རྩིས་སྤྲད་པ་རེད།

    ཉིན་ཤས་གོང་། པ་སྣམ་རྫོང་ཆུ་ནུབ་ཤང་སེར་ཕུར་གྲོང་ཚོའི་ཡུལ་མི་བཀྲ་དོན་རང་ཁྱིམ་གྱི་ཞིང་ནང་དུ་ཞིང་ཆུ་གཏོང་བར་སྐྱོད་སྐབས། རྨས་སྐྱོན་ཕོག་པའི“བྱ་ཆེན”ཞིག་ཞིང་ནང་དུ་ལྷུངས་བ་མཐོང་། འཁྲིས་སུ་བསྐྱོད་ནས་ལྟ་སྐབས། “བྱ་ཆེན”གྱི་གཤོག་པ་གཡོན་མར་རྨས་སྐྱོན་ཕོག་ནས་འཕུར་ཐབས་བྲལ་བ་ཤེས་རྟོགས་བྱུང་། སྐབས་དེར་ཡུན་རིང་མ་སོང་གོང་པ་སྣམ་རྫོང་གི་སྤྱི་བདེ་དང་མང་ཚོགས་ཀྱིས“བྱ་ཆེན”དེ་འདྲ་བ་ཞིག་མཉམ་དུ་བསྐྱབས་པ་ཡིད་ལ་དྲན་པས་ཉེན་རྟོག་ཕྱོགས་ལ་སྐྱོབ་རོགས་ཞུས།

    “བྱ་ཆེན་གྱི་གཤོག་པར་རྨས་སྐྱོན་ཕོག་ནས་འཕུར་ཐུབ་ཀྱི་མི་འདུག” མི་དམངས་ཉེན་རྟོག་པ་ཡོང་སྐབས་གྲོང་མི་བཀྲ་དོན་གྱིས་རྨས་སྐྱོན་ཕོག་པའི“བྱ་ཆེན”པང་དུ་བླངས་ནས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པར་གནས་ཚུལ་གསལ་བཤད་བྱས། “བྱ་ཆེན”སྐྱོབ་ཆེད། མི་དམངས་ཉེན་རྟོག་པས་བྱ་ཆེན་དེ་མངགས་གཏོང་ཁང་དུ་འཁྱེར་ནས་ལྟ་རྟོག་ཞིབ་ཚགས་བྱས་པ་དང་འབྲེལ། འཕྲལ་མར་པ་སྣམ་རྫོང་ནགས་ཚལ་རྩྭ་ཐང་ཅུས་ལ་འབྲེལ་བ་བྱས།

    པ་སྣམ་རྫོང་ནགས་ཚལ་རྩྭ་ཐང་ཅུས་ཀྱི་ལས་དོན་པས་གསལ་འབྱེད་བྱས་པ་བརྒྱུད། རྨས་སྐྱོན་ཕོག་པའི“བྱ་ཆེན”དེ་ནི་ཁྲུང་ཁྲུང་མགོ་ཁྲ་ཡིན་པ་རེད། ཁྲུང་ཁྲུང་མགོ་ཁྲ་ནི་གཟུགས་བོངས་འབྲིང་ཙམ་གྱི་ཁྲུང་ཁྲུང་གི་རིགས་ཏེ་ལུས་པོ་ཡོངས་སྨུག་སྐྱ་དང་། མགོ་དང་སྐེ་ཟུར་དཀར་པོ། མགོ་ལ་ནག་ཐིག་གཉིས་ཡོད་པ་བཅས་ཀྱི་བྱ་ཞིག་ཡིན་པ་དེ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཀྱི་ཁོངས་སུ་གཏོགས་ཀྱི་ཡོད་པ་རེད།

    མིག་སྔར་ཁྲུང་ཁྲུང་མགོ་ཁྲ་དེ་པ་སྣམ་རྫོང་ནགས་ཚལ་རྩྭ་ཐང་ཅུས་ཀྱིས་ཆེད་ལས་སྨན་བཅོས་དང་བདག་སྐྱོང་བྱེད་བཞིན་ཡོད་ཅིང་། དྲག་སྐྱེད་བྱུང་རྗེས་རང་བྱུང་ཁམས་ལ་གློད་རྩིས་ཡོད་པ་རེད།

    པ་སྣམ་རྫོང་གི་སྤྱི་བདེས་དྲན་སྐུལ་བྱས་པར། གལ་ཏེ་ཕྱི་རོལ་ནས་རྨས་སྐྱོན་ཕོག་པའི་རི་སྐྱེས་སྲོག་ཆགས་འཕྲད་ཚེ། རང་འཚམས་ཀྱིས་རོགས་སྐྱོབ་བྱ་རྒྱུ་མེད་པར། འཕྲལ་མར་འབྲེལ་ཡོད་སྡེ་ཚན་ལ་འབྲེལ་གཏུག་བྱས་ནས་རོགས་རམ་བྱེད་རོགས་ཞུ་དགོས། གལ་སྲིད་གནས་ཚུལ་ཛ་དྲག་པོ་ཡོད་ཚེ། ཆེད་ལས་མི་སྣའི་མཛུབ་ཁྲིད་འོག་རོགས་སྐྱོབ་བྱས་ནའང་ཆོག

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།