དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ཧུར་ཐག་བྱེད་པ།

    ནག་ཆུ་གྲོང་ཁྱེར་གྱིས་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་གི“གཅིག་འཐུས་རྣམ་པའི”ལས་སྟེགས་གཏོད་པར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པའི་སྐོར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-09

    ནག་ཆུ་གྲོང་ཁྱེར་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱིས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་གི“གཅིག་འཐུས་རྣམ་པའི”ལས་སྟེགས་གཏོད་པར་སྐུལ་འདེད་བཏང་སྟེ། མང་ཚོགས་ལ་ཕན་འབྲས་ཆེ་ལ་སྟབས་བདེ་བའི“གཅིག་འཐུས་རྣམ་པའི”འདུམ་འགྲིག་ཞབས་འདེགས་ཞུས་ནས་ནག་ཆུའི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

    འབྲི་རུ་རྫོང་ཚ་ཆུ་ཤང་ཁྲིམས་འཛིན་སུའོ་དང་འདུམ་འགྲིག་པ་ལས་གྲུབ་པའི་སྒྲོག་འགྲེལ་ཚོགས་ཆུང་གིས་ཤང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་16ལ་བསྐྱོད་དེ་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་བྱ་ཐབས་སྤྱད་དེ་མང་ཚོགས་ལ་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་གི“གཅིག་འཐུས་རྣམ་པའི”ལྟེ་གནས་ཀྱི་རྩ་དོན་དང་། ནུས་པ། དམིགས་ཡུལ་བཅས་བརྒྱུད་བསྒྲགས་དང་། མང་ཚོགས་ཀྱིས་ཁྱིམ་ཚང་དབར་གྱི་འབྲེལ་བ་དང་། ཁྱིམ་མཚེས་དབར་གྱི་འབྲེལ་བ། གྲོགས་པོའི་དབར་གྱི་འབྲེལ་བ་བཅས་དར་སྤེལ། “དོན་ཆུང་གྲོང་ཚོ་ནས་མི་ཐོན་པ་དང་འགལ་ཟླ་གོང་རིམ་ལ་སྙན་སེང་ཞུ་མི་དགོས་པའི”འགན་ལེན། མང་ཚོགས་ཀྱིས་ཞུ་གཏུག་མི་རྒྱག་པའི་བྱེད་ཐབས་སྤྱད་ནས་འགལ་ཟླ་དང་རྩོད་གཞི་ཐག་གཅོད་བྱེད་པར་སྐུལ་འདེད་བཅས་བཏང་བས། སྒྲོག་འགྲེལ་གྱི་ནང་དོན་ཤང་ཡོངས་ཀྱི་མང་ཚོགས་700ལྷག་ཙམ་ལ་ཁྱབ་པ་དང་། མང་ཚོགས་ཀྱི་བདེ་སྣང་ཆེ་རུ་དང་བཅའ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད། འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་གྱི“གཅིག་འཐུས་རྣམ་པའི”འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་ཀྱིས་འགལ་ཟླ་དང་རྩོད་གཞི་གཉིས་བདེ་བླག་ངང་ཐག་གཅོད་བྱས་ཤིང་། དོ་བདག་ཀའོ་ཆེ་གེ་མོས་གན་རྒྱའི་འོས་འགན་མི་སྒྲུབ་པར། རྒྱུ་མཚན་གང་རུང་ལ་ཁ་གཡར་ནས་རྒྱལ་ཆེ་གེ་མོའི་ཁང་གླ་སྤྲད་མེད། འདུམ་འགྲིག་པས་ངང་རྒྱུད་རིང་པོས་འབྲེལ་གཏུག་དང་ཁྲིད་སྟོན་བྱས་པ་མ་ཟད། འབྲེལ་ཡོད་བཅའ་ཁྲིམས་ཤེས་བྱར་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པས། དོ་བདག་ཕྱོགས་གཉིས་པོའི་སེམས་པ་ལྷོད་དུ་སོང་བ་དང་འབྲེལ་གྲོས་མཐུན་ཡང་བཞག་པ་རེད། ཕྱིས་སུ་རྗེས་འདེད་བཏང་བ་བརྒྱུད། ཀའོ་ཆེ་གེ་མོས་དེ་ཉིན་འདུམ་འགྲིག་པའི་བདེན་དཔང་འོག སྤྲོད་ཐེངས་གཅིག་ལ་སྐད་འཕྲིན་བརྒྱུད་ཁང་གླ་བསྡོམས་སྒོར་5000སྤྲད་པ་རེད། ཉིན་དེ་རང་དུ་འདུམ་འགྲིག་ལྟེ་གནས་སུ་ཤག་ཆུ་གྲོང་རྡལ་གྱི་གྲོང་མི་ཚེ་ཆེ་གེ་མོ་སོགས་མི་ལྔའི་གླ་ཆ་འགྱངས་ཆད་ཀྱི་རྩོད་གཞི་ཞིག་འབྱོར། དོ་བདག་ཀུན་ཆེ་གེ་མོས་གན་རྒྱའི་འོས་འགན་མ་བསྒྲུབས་པའི་ཁར། རྒྱུ་མཚན་གང་རུང་ལ་ཁ་གཡར་ནས་ཚེ་ཆེ་གེ་མོ་སོགས་མི་ལྔའི་ལས་གྲྭའི་གླ་ཆ་སྤྲད་མེད། འདུམ་འགྲིག་པས་ངང་རྒྱུད་རིང་པོས་འབྲེལ་གཏུག་དང་མཛུབ་ཁྲིད་བྱས་པ་བརྒྱུད། དོ་བདག་ཕྱོགས་གཉིས་པོའི་སེམས་པ་ལྷོད་དུ་ཕྱིན་ཡོད། ཕྱིས་སུ་རྗེས་འདེད་བཏང་བ་བརྒྱུད། ཀུན་ཆེ་གེ་མོས་ཉིན་དེ་རང་དུ་འདུམ་འགྲིག་པའི་དཔང་རྟགས་འོག་སྤྲོད་ཐེངས་གཅིག་ལ་ཚེ་ཆེ་གེ་མོ་སོགས་མི་ལྔ་ལ་སྒོར་7800སྤྲད་ཡོད།

    ཟླ་1ཚེས་17ཉིན་གསེར་རྙེད་ཆུས་སྟག་གསར་ཤང་གི“གཅིག་འཐུས་རྣམ་པའི”འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་ཀྱིས་ཁྱིམ་ཚང་གི་རྩོད་གཞི་ཞིག་བདེ་བླག་ངང་འདུམ་འགྲིག་བྱས་ཡོད། དབང་ཆེ་གེ་མོ་དང་འཛོམས་ཆེ་གེ་མོའི་དབར་བརྩེ་དུང་ལ་ཕོག་ཐུག་བྱུང་ནས་ཁ་རྩོད་ཤོར་བ་དང་ཁོང་ཁྲོ་ཆེན་པོ་ཟ་ནས་ལག་པ་ཡང་བཀྱག་གྲབས་བྱེད་ཀྱི་ཡོད། འདུམ་འགྲིག་ཁང་གིས་འཕྲལ་མར་ཉམས་མྱོང་ཕུན་སུམ་ཚོགས་པའི་འདུམ་འགྲིག་པ་མངགས་པ་དང་། འཕགས་ཡུལ་གྲོང་ཚོའི་གྲོང་མི་འདུམ་འགྲིག་ཨུ་ཡོན་གྱི་གཞོགས་འདེགས་འོག་འདུམ་འགྲིག་བྱས་ཡོད། ཆུ་ཚོད་དྲུག་རིང་འདུམ་འགྲིག་བྱས་པ་བརྒྱུད། དབང་ཆེ་གེ་མོ་དང་འཛོམས་ཆེ་གེ་མོ་རིམ་གྱིས་སེམས་པ་ལྷོད་དུ་བབས་ནས་མཐར་སྐད་ཆ་བྱས་པ་མ་ཟད། རང་ཉིད་ཀྱི་ནོར་འཁྲུལ་ཡང་ཤེས་ནས་ཕན་ཚུན་དགོངས་དག་ཐུགས་བདེན་ཞུས། དེས་མ་ཚད་སླད་ཕྱིན་ཕན་ཚུན་བརྩི་འཇོག་དང་། བསམ་ཤེས། བསྟུན་མཁས་བཅས་བྱས་ཏེ་ཁྱིམ་ཚང་འཆམ་མཐུན་ཡོང་བའི་ཁས་ལེན་ཡང་བྱས་པ་རེད།

    ཉེ་ཆར། སྙན་རོང་རྫོང་གི“གཅིག་འཐུས་རྣམ་པའི”འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་ཀྱིས་ཉོ་ཚོང་གན་རྒྱའི་རྩོད་གཞི་ཞིག་བདེ་བླག་ངང་འདུམ་འགྲིག་བྱས་པ་མ་ཟད། ཁྲིམས་འཛིན་གཏན་འཁེལ་ཡང་བྱས་ཡོད། དོ་བདག་སྦྱིན་ཆེ་གེ་མོས་གྲོས་མཐུན་དོན་འཁྱོལ་མ་བྱས་པ་དང་ཀུན་ཆེ་གེ་མོའི་རླངས་འཁོར་ཉོས་པའི་དངུལ་དུས་ཐོག་ཏུ་སྤྲད་མེད། དཀར་ཆེ་གེ་མོས་དངུལ་སྤྲོད་དགོས་པའི་རེ་བ་ཐེངས་མང་བཏོན་ཡང་གཏན་ནས་རག་མེད། དེས་ན་སྙན་རོང་རྫོང་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས་སུ་ཞུ་གཏུག་ཡི་གེ་འབྲི་བར་བསྐྱོད་ཡོད། ལས་དོན་པས་གནས་ཚུལ་ཤེས་རྟོགས་བྱུང་འཕྲལ་ཆེད་འགན་འཁུར་མཁན་མི་དམངས་འདུམ་འགྲིག་པ་མངགས་པ་མ་ཟད། ད་དུང་དོ་བདག་ཕྱོགས་གཉིས་པོར་ཞུ་གཏུག་མ་བརྒྱབ་གོང་གི་འདུམ་འགྲིག་བྱས་ན་ཕན་ཐོགས་གང་འདྲ་ཡོད་མེད་ལ་འགྲེལ་བཤད་བརྒྱབ་ཡོད། ཕྱོགས་གཉིས་པོའི་མོས་མཐུན་ཐོབ་རྗེས། རྩོད་གཞིར་གཞིགས་ནས་དོན་དངོས་ཤོད་པ་དང་། བཅའ་ཁྲིམས་ལ་འགྲེལ་བཤད་རྒྱག་པ། གནས་ལུགས་རྒྱུ་མཚན་དྲངས་བ་སོགས་ཀྱི་ཐབས་ཤེས་ཡོད་རྒུ་སྤྱད་དེ་སྐད་ཆ་བྱེད་དུ་བཅུག་ཡོད། མཐར་ཕྱོགས་གཉིས་དབར་བསམ་འཆར་གཅིག་མཐུན་བྱུང་ཞིང་། སྦྱིན་ཆེ་གེ་མོས་ཉིན་དེ་རང་དུ་དངུལ་སྨར་སྒོར་10000སྐར་ཆེ་གེ་མོར་སྤྲད་པ་དང་། དེ་བྱིངས་ཀྱི་དངུལ་སྒོར་20000ཟླ་7ཚེས་10ཉིན་གོང་སྤྲོད་རྒྱུའི་ཁས་བླངས་པ་མ་ཟད། མི་དམངས་འདུམ་འགྲིག་གྲོས་མཐུན་ཡི་གེ་བཞག་ནས་ཁྲིམས་འཛིན་གཏན་འཁེལ་ཡང་བྱུང་ནས་དོ་བདག་ཕྱོགས་གཉིས་དབར་སྐད་ཆ་ཡག་པོ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།