དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་ཁ་རུབ་ཆུས་རུ་འབྲིང་གིས་མཚན་མོར་ས་བཀྲ་ངོས་འཛིན་དང་ལྟ་སྟངས་ནང་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-09

    འདི་ནི་ནང་སྦྱོང་བྱ་ཡུལ་ཡིན་པ།

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་ཁ་རུབ་ཆུས་རུ་འབྲིང་གིས་ཉིང་ལག་རུ་ཁག་ནས་བར་ཐག་སྤྱི་ལེ་200ཆོད་པའི་སར་བསྐྱོད་དེ་དམག་སྦྱོང་བྱེད་པའི་ཁྲོད་མཚན་མོར་ས་བཀྲ་ངོས་འཛིན་དང་ལྟ་སྟངས་ནང་སྦྱོང་ནན་པོ་བྱས་པ་རེད།

    ད་ཐེངས་ཀྱི་མཚན་མོའི་སྦྱོང་བརྡར་དེ་བཅའ་སྡོད་བྱ་ཡུལ་གྱི་ཉེ་འཁོར་དུ་བྱས་ཤིང་། སྔོན་ལ་དམིགས་ཚད་གཏན་འཁེལ་བྱས་པ་བརྒྱུད་སྤྱི་ལེ་ལྔ་ནང་ཚུན་གྱི་ནགས་ཁུལ་དང་། གཞུང་ལམ། རི་ཁུལ་བཅས་འཚོལ་ཞིབ་ཁྱབ་ཁོངས་སུ་བཅུག་སྟེ་རྙོག་འཛིང་ཆེ་བའི་ས་དབྱིབས་ཁོར་ཡུག་དང་མཚན་མོ་མཐོང་རྒྱ་ཆུང་བའི་དཀའ་ངལ་སྤྱད་དེ་མེ་ཟོན་རོགས་སྐྱོབ་མི་སྣའི་དབར་གྱི་མཐུན་སྦྱོར་དང་གཞོགས་འདེགས་གཙོ་བོར་བྱས་ནས་ནང་སྦྱོང་གི་དངོས་འཐབ་རང་བཞིན་དང་རྙོག་འཛིང་རང་བཞིན་སྔར་བས་མངོན་གསལ་དོད་པོ་ཡོང་བར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།