དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • སློབ་གྲྭར་མེ་ཟོན་ཤེས་བྱ་དྲིལ་བསྒྲགས་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-09

    འདི་ནི་མེ་ཟོན་དྲིལ་བསྒྲགས་པ་སློབ་ཁང་དུ་བསྐྱོད་དེ་བདེ་འཇགས་ཤེས་བྱ་གསལ་འགྲེལ་བྱེད་བཞིན་པ།

    འདི་ནི་མེ་གསོད་མི་སྣས་སོ་མེད་སོག་ལེ་སྤྱོད་སྟངས་སློབ་བཞིན་པ།

    སློབ་གྲྭའི་དགེ་སློབ་ཚོའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་མེ་ཟོན་བདེ་འཇགས་ཀྱི་རྒྱུན་ཤེས་ཁྱབ་གདལ་བཏང་ནས་སློབ་གྲྭའི་མེ་ཟོན་མེ་གསོད་ནུས་པ་དང་དགེ་སློབ་ཁ་འགྲེམས་སྲོག་ཐར་གྱི་རྩལ་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་ཆེད། ཉིན་ཤས་བསྟུད་མར་བོད་ཀྱི་ས་གནས་ཁག་གི་མེ་ཟོན་སྡེ་ཚན་གྱིས་ལྗོངས་ཡོངས་སུ“མེ་ཟོན་བདེ་འཇགས་སློབ་གྲྭར་དྲིལ་བསྒྲགས་བྱེད་པའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས་སློབ་ཁང་ནང་འཆད་འཁྲིད་དང་། མེ་ཟོན་དངོས་སྦྱོང་གསོ་སྦྱོང་། གྱོད་དཔེ་དྲངས་ནས་ཉེན་ཟོན་སློབ་གསོ་གཏོང་བ། མེ་ཟོན་ཡོ་བྱད་ཤེས་རྟོགས་བྱེད་པ་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད་སློབ་མར་ནང་དོན་ཕུན་སུམ་ཚོགས་པའི་མེ་ཟོན་བདེ་འཇགས་ཀྱི་སློབ་ཚན་ཞིག་འཁྲིད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།