དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • པར་རིས་གསར་འགྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-09

    ཐོལ་བྱུང་དོན་རྐྱེན་འཕྲལ་སྡོམ་ཐག་གཅོད་ཀྱི་ཤེས་བྱ་དང་རྩལ་ནུས་ཁྱབ་གདལ་བཏང་ནས་སྡེ་ཁུལ་གྱི་གྲོང་མིའི་འཕྲལ་སྡོམ་ཐག་གཅོད་ཀྱི་འཇོན་ཐང་ཆེ་རུ་གཏོང་ཆེད། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་པད་མ་སྒང་ཁྲོམ་གཞུང་ཉི་ཁྲི་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱི་གདན་ཞུས་ལྟར། ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་ཉི་ཁྲི་སྡེ་ཁུལ་གྱི་ལས་དོན་པ་དང་བདེ་སྲུང་བར་གཏུམ་འགོག་ཡོ་བྱད་སྤྱོད་སྟངས་དང་བདེ་འཇགས་རྩལ་ནུས་གསོ་སྦྱོང་བྱས་ནས་བདེ་འཇགས་ཀྱི་འགོག་ཟོན་ཤེས་བྱ་སྡེ་ཁུལ་གྱི་གྲོང་མི་ཚོར་ཁྱབ་གདལ་བཏང་ཞིང་། འདི་ནི་དམིགས་བསལ་ཉེན་རྟོག་པས་སྡེ་ཁུལ་གྱི་གྲོང་མི་ཚོར་ཐོལ་བྱུང་དོན་རྐྱེན་འཕྲལ་སྡོམ་ཐག་གཅོད་ཀྱི་རྩལ་ནུས་སློབ་བཞིན་པ།

    ཉེ་ཆར། “སློབ་གྲྭའི་གཏུམ་སྤྱོད་ལ་འགོག་ཟོན་བྱས་ནས་དུས་བདེའི་སློབ་གྲྭ་སྐྲུན་པའི”བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོ་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གནམ་ཤང་སློབ་ཆུང་དུ་སྤེལ་ཞིང་། འདི་ནི་སློབ་གྲྭ་དེའི་སློབ་མས“སློབ་གྲྭའི་གཏུམ་སྤྱོད་ལ་འགོག་ཟོན་བྱས་ནས་དུས་བདེའི་སློབ་གྲྭ་སྐྲུན་པའི”འབྲེལ་ཡོད་དྲིལ་བསྒྲགས་དཔྱད་ཡིག་སློབ་སྦྱོང་ནན་ཏན་བྱེད་བཞིན་པ།

    ཉེ་ཆར། རྒྱ་ཚ་རྫོང་སྤྱི་བདེ་ཅུས་ཚེ་ཆུ་ཤང་མངགས་གཏོང་ཁང་གིས་ངལ་རྩོལ་གླ་ཆ་འགྱངས་ཆད་དང་། ངལ་རྩོལ་གན་རྒྱ་སོགས་ཐད་ཀྱི་གནད་དོན་ལ་དམིགས་ཏེ། མང་ཚོགས་དབར་དང་། དུད་ཚང་དབར། གྲོང་ཚོ་དབར་ལ་འགལ་བ་དང་རྩོད་གཞི་ཡོད་མེད་ཤེས་རྟོགས་བྱས་ཤིང་། འདི་ནི་མི་དམངས་ཉེན་རྟོག་པས་མང་ཚོགས་ཀྱི་ས་ནས་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་བྱེད་པ་དང་འབྲེལ། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།