དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཉིང་ཁྲིའི་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་པས་དཔྱིད་དུས་ཀྱི་འགྲིམ་འགྲུལ་བདེ་འཇཌ་སྐོར་གྱི་ཆེད་དམིགས་དྲིལ་བསྒྲཌ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-09

    དཔྱིད་དུས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཐད་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྔོན་འགོག་དང་སེལ་བ་དང་། འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་ལས་དོན་སྒྲུབ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་ཆེད། ཉིན་ཤས་བསྟུད་མར། ཉིང་ཁྲིའི་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་པས་དཔྱིད་དུས་འགྲོ་ལམ་འགྲིམ་འགྲུལ་གྱི་ཆོས་ཉིད་དང་ཁྱད་ཆོས་ལ་དམིགས་ཏེ། ཉེན་རྟོག་པ་སྒྲིག་འཛུགས་ཀྱིས་ཁེ་ལས་དང་། ཤང་དང་གྲོང་ཚོ། ཁ་ལོ་བའི་སློབ་གྲྭ་སོགས་སུ་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བར་བསྐྱོད་ནས། རྒྱ་ཆེའི་མང་ཚོགས་ལ་དཔྱིད་དུས་ཀྱི་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་ཆེད་དམིགས་དྲིལ་བསྒྲགས་བྱས་པ་རེད།

    ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པས་མངགས་སྐྱེལ་ཀུང་སིར་བསྐྱོད་ནས་མངགས་སྐྱེལ་བར་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་འཆད་ཁྲིད་བྱས་ཤིང་། ངོ་ཐུག་གདོང་འཕྲད་ཀྱིས་གསལ་འགྲེལ་དང་། དྲིལ་བསྒྲགས་དཔྱད་གཞི་སྤྲོད་པ། དཔེ་མཚོན་རང་བཞིན་གྱི་གྱོད་དཔེར་དབྱེ་ཞིབ། ཁྲིམས་འགལ་བྱེད་སྤྱོད་ཐེར་འདོན་སོགས་ཀྱི་བྱ་ཐབས་བརྒྱུད། མངགས་སྐྱེལ་བར་ཡ་རབས་ཀྱིས་འཁོར་གཏོང་དང་བདེ་འཇགས་ངང་ལམ་དུ་སྐྱོད་དགོས་པའི་དྲན་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།