རྒྱ་ཚ་རྫོང་སྤྱི་བདེ་ཅུས་ཚེ་ཆུ་ཤང་མངཌ་གཏོང་ཁང་གིས་བྱ་སྤྱོད་སྤེལ་ནས་མང་ཚོགས་ལ་ཞབས་འདེགས་ཞུས་པ།
ཉེ་ཆར། རྒྱ་ཚ་རྫོང་སྤྱི་བདེ་ཅུས་ཚེ་ཆུ་ཤང་མངགས་གཏོང་ཁང་གིས་གྲོང་ཚོའི“ཨུ་ལྷན་གཉིས”དང་། དྲ་མིག་ཅན་གྱི་དོ་དམ་པ། གྲོང་སྡོད་ལས་དོན་རུ་ཁག་སོཌ་ཕྱོགས་ཁག་གི་སྟོབས་ཤུགས་དང་མཉམ་འབྲེལ་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་སྤེལ་བ་རེད།
བྱ་སྤྱོད་སྤེལ་རིང་། མི་དམངས་ཉེན་རྟོག་པས་དུད་ཚང་དུ་བསྐྱོད་དེ་གླ་ཆ་འགྱངས་ཆད་དང་། གཉེན་སྒྲིག་དང་ཁྱིམ་ཚང་། ངལ་རྩོལ་དང་མ་རྩའི་གན་རྒྱ་སོགས་ལ་དམིགས་ནས་མང་ཚོགས་དང་། དུད་ཚང་གྲོང་ཚོ་རེ་རེ་བཞིན་འགལ་ཟླ་དང་རྩོད་གཞི་ཡོད་མེད་ཤེས་རྟོགས་བྱས་པ་རེད། གྲལ་བཤེར་བྱེད་རིང་། 《དམངས་དོན་ཁྲིམས་གཞུང》དང་། གཉེན་སྒྲིག་བཅའ་ཁྲིམས། འགྲོ་ལམ་བདེ་འཇགས་སོགས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་པ་རེད།