དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཉིང་ཁྲིའི་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་པས་དཔྱིད་དུས་ཀྱི་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་ཆེད་དམིགས་དྲིལ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-09

    ཉིན་ཤས་བསྟུད་མར། ཉིང་ཁྲིའི་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་པས་དཔྱིད་དུས་འགྲོ་ལམ་འགྲིམ་འགྲུལ་གྱི་ཆོས་ཉིད་དང་ཁྱད་ཆོས་ལ་དམིགས་ཏེ། ཉེན་རྟོག་པ་སྒྲིག་འཛུགས་ཀྱིས་ཁེ་ལས་དང་། ཤང་དང་གྲོང་ཚོ། ཁ་ལོ་བའི་སློབ་གྲྭ་སོགས་སུ་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བར་བསྐྱོད་ནས། རྒྱ་ཆེའི་མང་ཚོགས་ལ་དཔྱིད་དུས་ཀྱི་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་ཆེད་དམིགས་དྲིལ་བསྒྲགས་བྱས་པ་རེད།

    ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པས་མངགས་སྐྱེལ་ཀུང་སིར་བསྐྱོད་ནས་མངགས་སྐྱེལ་བར་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་འཆད་ཁྲིད་བྱས་ཤིང་། མངགས་སྐྱེལ་བར་ཡ་རབས་ཀྱིས་འཁོར་གཏོང་དང་བདེ་འཇགས་ངང་ལམ་དུ་སྐྱོད་དགོས་པའི་དྲན་སྐུལ་བྱས་པ་རེད། ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་སྤྱི་བདེའི་ཁ་ལོ་བའི་རྒྱུགས་ལེན་སྡེ་ཚན་གྱིས་རྒྱུན་ཆད་མེད་པར་ཁ་ལོ་བའི་སློབ་གྲྭའི་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་སློབ་གསོའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ཞིང་། མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་ཁ་ལོ་བའི་སློབ་གྲྭ་ཁག་ཏུ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་སྐོར་དྲིལ་བསྒྲགས་བྱེད་པར་བསྐྱོད་དེ། རྩལ་འཁྲིད་པ་དང་། སློབ་མ། དེ་བཞིན་འགན་ཁུར་བ་བཅས་ལ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་གསལ་འགྲེལ་བྱས་ཤིང་། ལག་ཁྱེར་མེད་པར་རླངས་འཁོར་གཏོང་བ། ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་སོགས་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཀྱི་གནོད་སྐྱོན་ལ་ངོས་འཛིན་ཐུབ་ཤུགས་ཆེ་རུ་བཏང་སྟེ་བདེ་འཇགས་འཁོར་གཏོང་གི་འགག་སྒོ་དང་པོ་དེ་ནན་གྱིས་བསྲུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།