དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ལྷ་སའི་གཙོ་གནད་ཞིང་ཞོར་ཉོ་ཚོང་ཁྲོམ་ར་སོགས་སུ་བཟའ་བཅའ་དང་ཐོན་སྐྱེད་བདེ་འཇགས་ཀྱི་གནས་ཚུལ་ལ་ལྟ་སྐུལ་དང་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-09

    ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་རུ་སྣེ་ཁྲིད་དེ། ཧེང་ཐུང་ཞིང་ཞོར་ཐོན་རྫས་སྡེབ་ཚོང་ཁྲོམ་ར་དང་ལྷ་ས་གྲོང་ཁྱེར་བཟའ་བཅའ་དང་སྨན་རྫས་ཞིབ་བཤེར་ཚད་ལེན་ལྟེ་གནས་སོགས་སུ་ཕེབས་ཏེ། ས་གནས་ས་ཐོག་ཏུ་ལྟ་ཞིབ་གནང་བ་དང་། སྙན་ཞུ་གསན་པ། བཞུགས་མོལ་སྤེལ་རེས་གནང་བ་སོགས་ཀྱི་བྱ་ཐབས་བརྒྱུད་བཟའ་བཅའི་བདེ་འཇགས་དང་བདེ་འཇགས་ཐོན་སྐྱེད་ཀྱི་འབྲེལ་ཡོད་གནས་ཚུལ་ལ་བརྟག་ཞིབ་དང་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

    བརྟག་ཞིབ་ཚོགས་ཆུང་གིས་བསྟན་དོན། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་བཟའ་བཅའི་བདེ་འཇགས་དང་བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་ལྟར་དུས་དང་རྣམ་པ་ཀུན་ཏུ“ལྷོད་གཡེང་གཏན་ནས་མི་གཏོང་བའི”འགན་འཁྲིའི་བསམ་པ་ཆེ་རུ་བཏང་ནས། དུས་རྒྱུན་ནས་དམ་འཛིན་དང་རྒྱུན་དུ་དོ་དམ་བྱས་ཏེ་དམ་འཛིན་ལྷོད་མེད་དང་ཕན་འབྲས་ཐོན་པར་བྱེད་དགོས། “ནན་ཤོས་བཞིའི”བླང་བྱ་དོན་འཁྱོལ་ཏན་ཏིག་བྱས་ཏེ་དམངས་འཚོའི་ཚོང་ཟོག་གལ་ཆེན་གྱི་སྤུས་ཚད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་ལས་དོན་ལ་དམ་འཛིན་བྱས་ནས“རིག་ལྡན་བཟའ་བཅའི་བདེ་འཇགས”ཕྱོགས་ཡོངས་ལ་ཁྱབ་པ་དང་གཞི་རིམ་གྱི་ལྟ་འདོམས་ནུས་པ་མགྱོགས་མྱུར་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། མི་དམངས་མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས”བརྟན་པོ་སྲུང་དགོས། ཏང་སྲིད་འགོ་ཁྲིད་ཀྱི་འགན་འཁྲི་དང་སྡེ་ཚན་གྱི་ལྟ་འདོམས་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས། ཁྱབ་ཁོངས་གལ་ཆེན་དང་། འདུ་གནས་གལ་ཆེན། ཐོན་རྫས་གལ་ཆེན་བཅས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇཌ་འགན་ལེན་ཏན་ཏིག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།