དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • འཕྱོངས་རྒྱས་རྫོང་མི་དམངས་ཁྲིམས་ཁང་གིས་ལས་སྒྲུབ་སྐར་ཁུང་མདུན་དུ་སྤོས་ནས་གཏུག་བཤེར་གྱི་འབྱུང་ཁུངས་བཅོས་སྒྲིག་ཡག་པོ་བྱས་པ།

    སྟོབས་ཤུགས་བསྒྲིལ་ནས་ལས་ཕྱོད་ཆེ་རུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཝང་ཅེ་ཞུའེ།   |     སྤེལ་དུས།  2024-04-03

    ཉེ་བའི་ལོ་ཤས་རིང་། འཕྱོངས་རྒྱས་རྫོང་མི་དམངས་ཁྲིམས་ཁང་གིས་གཞི་རིམ་ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱས་ཏེ“མཉམ་སྐྲུན་མཉམ་སྐྱོང་མཉམ་སྤྱོད”ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་ཆེན་པོར་རང་འགུལ་ངང་མཉམ་འདྲེས་བྱས་ཤིང་། “ཏང་འཛུགས་སྐྱོང་དང་གཏུག་བཤེར་གྱི་འབྱུང་ཁུངས་བཅོས་སྐྱོང་ཟུང་འབྲེལ”དམ་འཛིན་བྱ་གཞིར་བྱས་ཏེ། གཏུག་བཤེར་གྱི་འབྱུང་རྩ་བཅོས་སྒྲིག་གཏིང་ཟབ་བྱས་ནས་ལས་སྒྲུབ་སྐར་ཁུང་མདུན་དུ་སྤོས་པ་དང་། སྣ་མང་དབྱེ་འབྱེད། འབྱུང་རྩ་ནས་སེལ་བ། དམངས་ཆེད་ཁྲིམས་འཛིན་བཅས་ལ་སྐུལ་འདེད་བཏང་བ་དང་། ཁྲིམས་འཛིན་སྟོབས་ཤུགས་གཞི་རིམ་དུ་ཁྱབ་པར་བྱས་ནས་འགལ་ཟླ་དང་རྩོད་གཞི་གཞི་རིམ་དུ་གྲལ་བཤེར་དང་སེལ་གང་ཐུབ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་བ་རེད།

    “སྣ་མང་དང་མཉམ་བཅོས་ཟུང་འབྲེལ”གྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པ།

    འཕྱོངས་རྒྱས་རྫོང་མི་དམངས་ཁྲིམས་ཁང་གིས་གཞི་རིམ་བཅོས་སྐྱོང་གི་བཀོད་པ་ཆེན་པོར་རང་འགུལ་ངང་ཞུགས་ནས་ཏང་འཛུགས་སྐྱོང་ལས་དོན་དང་གཏུག་བཤེར་གྱི་འབྱུང་ཁུངས་བཅོས་སྐྱོང་ལས་དོན་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ། ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་གཏུག་བཤེར་གྱི་འབྱུང་ཁུངས་བཅོས་སྐྱོང་བྱེད་པའི་ལས་ཀའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ཅིར་ཁྱབ་པར་བྱས་ནས། “འགོ་ཁྲིད་དང་པོས”དངོས་སུ་བཀོད་སྒྲིག་དང་སྐུལ་འདེད་གཏོང་བ་མཐའ་འཁྱོངས་དང་། ཀྲི་པུའུ་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ནས་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་ལ་ཆེད་དོན་ཞིབ་འཇུག་བྱས་པ་བརྒྱུད། “ཏང་ཙུའུ་ཡིས་འགོ་ཁྲིད་དང་། ཁྲིམས་ཁང་གིས་འགན་གཙོ་བོ་འཁུར་བ། ཕྱོགས་མང་མཉམ་ལས”བཅས་ཀྱི་ལས་ཀའི་རྣམ་པ་ནུས་ཤུགས་ཡོད་རྒུས་བཏོད་དེ། གཏུག་བཤེར་གྱི་འབྱུང་ཁུངས་བཅོས་སྐྱོང་གི་ལས་དོན་གཏིང་ཟབ་སྤེལ་བ་རེད།

    འཕྱོངས་རྒྱས་རྫོང་གི“གཅིག་འཐུས་རྣམ་པའི”འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་བཏོད་ཅིང་། 《ཞུ་གཏུག་མ་བརྒྱབ་གོང་མཉམ་འབྲེལ་འདུམ་འགྲིག་གི་ལས་དོན་ལམ་སྲོལ་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར》ཞིབ་འཇུག་གིས་བཟོས་པ་དང་། འཕྱོངས་རྒྱས་རྫོང་ཨུད་སྲིད་ཁྲིམས་ཨུ་ལྷན་དང་། རྫོང་ཞིབ་དཔྱོད་ཁང་། རྫོང་ཁྲིམས་འཛིན་ཅུས་སོགས་སྡེ་ཚན་དང་སྐར་ཁུང་ཚན་པ་31དབར《ཞུ་གཏུག་མ་བརྒྱབ་གོང་གི་མཉམ་འབྲེལ་འདུམ་འགྲིག་གི་འགན་འཁྲིའི་ཡི་གེ》བཞག་ནས་ཕྱོགས་རྐྱང་པའི་འདུམ་འགྲིག་དང་ཁ་ཐོར་འདུམ་འགྲིག་དེ་གཅིག་སྡུད་འདུམ་འགྲིག་དང་ཕྱོགས་བསྡུས་འདུམ་འགྲིག་ལ་བསྒྱུར་གང་ཐུབ་བྱས་ཁར། མཉམ་འབྲེལ་ཐོག་ཉེན་ཟོན་སྔོན་བརྡ་གཏོང་བ་དང་། འགལ་ཟླ་གྲལ་བཤེར། མང་ཚོགས་ལ་འབྲེལ་གཏུག། ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་སོགས་ཀྱི་ལས་དོན་མཉམ་དུ་སྤེལ་ནས་འགལ་ཟླ་གཞི་རིམ་ནས་ཐག་གཅོད་ཐུབ་པར་བྱས་ཡོད། མིག་སྔའི་བར་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་འགལ་ཟླ་དང་རྩོད་གཞི་2འདུམ་འགྲིག་བྱས་པ་དང་འདུམ་འགྲིག་བྱེད་ཚད་100%ཟིན་ཡོད།

    “དྲ་སྦྲེལ་དང་གཏུག་བཤེར་ཟུང་འབྲེལ”གྱི་མ་ལག་གསར་པ་བཏོད་པ།

    འཕྱོངས་རྒྱས་རྫོང་མི་དམངས་ཁྲིམས་ཁང་གིས་ཚན་རྩལ་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ་དེ་གཏུག་བཤེར་གྱི་འབྱུང་ཁུངས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་ཀྱི་བྱ་ཐབས་གལ་ཆེན་ལ་བརྩིས་ནས། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི“གཅིག་འཐུས་རྣམ་པའི”གཏུག་བཤེར་ཞབས་ཞུའི་མ་ལག་བཏོད་དེ་མང་ཚོགས་ལ་ཞབས་འདེགས་ཧུར་ཐག་ཞུས་པ་རེད།

    རིག་ལྡན་ཁྲིམས་ཁང་འཛུགས་སྐྱོང་གི་གྲུབ་འབྲས་གང་ལེགས་སྤྱད་ནས་དྲ་ཐོག་གཏུག་བཤེར་ཕྱོགས་ཡོངས་ ནས་ཁྱབ་གདལ་བཏང་ཞིང་། རྒྱང་ཁྲིད་ཁྲིམས་རའི་འདྲི་གཅོད་ལས་སྟེགས་དང་། དྲ་ཐོག་འདུམ་འགྲིག་ལས་སྟེགས། ལེགས་བསྡུས་སྐྱེལ་སྤྲོད་ལས་སྟེགས་སོགས་བཙུགས་ནས་ཁོངས་གཏོགས་ཁུལ་གྱི་ཞིང་འབྲོག་མང་ཚོགས་ལ་དྲ་ཐོག་ཏུ་གྱོད་གཞི་ཐོ་འགོད་དང་འདུམ་འགྲིག་བྱེད་པ། དྲ་ཐོག་ཏུ་ཁྲིམས་ར་འཚོག་པ། ས་ཁོངས་བསྒྲལ་ནས་གྱོད་དོན་ཐོ་འགོད། ལེགས་བསྡུས་སྐྱེལ་སྤྲོད་ཐུབ་པ་སོགས་ཀྱི་སྟབས་བདེའི་གཏུག་བཤེར་ཞབས་ཞུ་མཁོ་འདོན་བྱས་པས་གློག་རྡུལ་གྲངས་གཞི་མང་ཙམ་སྤྱད་ནས་མང་ཚོགས་ཡར་རྒྱུག་མར་རྒྱུག་བྱེད་ཉུང་དུ་བཏང་བ་རེད། མིག་སྔའི་བར་དྲ་ཐོག་ཏུ་ཁྱོན་གྱོད་གཞི་12ཐོ་འགོད་དང་། དྲ་ཐོག་ཏུ་གྱོད་གཞི་10འདུམ་འགྲིག ལེགས་བསྡུས་སྐྱེལ་སྤྲོད་ལྟེ་གནས་ལ་བརྟེན་ནས་གློག་རྡུལ་ཡིག་ཆ་580སྐྱེལ་སྤྲོད་བྱས་པ་དང་། རིམ་རྩིས་བྱས་ན་མི་ཐེངས་120སྲུང་སྐྱེལ་བཅས་བྱས་ཡོད།

    “ཁྲིམས་ར་དང་དྲ་མིག་ཟུང་འབྲེལ”གྱི་རྣམ་པ་གསར་པ་བཏོད་པ།

    འཕྱོངས་རྒྱས་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་འཛིན་སྟོབས་ཤུགས་གཞི་རིམ་དུ་གཞི་ཚུགས་པ་དང་མང་ཚོགས་དང་ཉེ་བཅར་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། ཤང(གྲོང་རྡལ)གི་གཞི་རིམ་ཁྲིམས་ར་བསྐྲུན་པ་རང་འགུལ་ངང་གྲོང་གསེབ་བཅོས་སྐྱོང་གི་དྲ་མིག་མ་ལག་དང་མཉམ་འདྲེས་ཡོང་བར་སྐུལ་འདེད་བཏང་སྟེ། འཐབ་ཕྱོགས་དང་པོའི་མི་དམངས་ཁྲིམས་རའི་ཁྲིམས་འཛིན་ཞབས་ཞུའི་ཟམ་སྣེའི་བཙན་རྫོང་དང་མདུན་ཕྱོགས་སོ་ལྟ་ཁང་གི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེཌ་བྱས་པ་དང་། ཁྲིམས་ར་དང་དྲ་མིག་མཉམ་འགུལ་ཡག་པོ་བྱེད་པར་ཤུགས་སྣོན་བརྒྱབ་སྟེ“དྲ་མིག་ནས་བརྡ་ཐོ་བཏང་མ་ཐག་ཁྲིམས་དཔོན་འཕྲལ་མར་འབྱོར་བ”མངོན་འགྱུར་ཐུབ་པ་རེད།

    “གྲོང་ཚོ་གཅིག་ལ་ཁྲིམས་དཔོན་གཅིག”གི་ཚོད་ལྟའི་ལས་དོན་སྤེལ་བ་དང་། རྒྱལ་སྨན་ཤང་མི་དམངས་ཁྲིམས་རའི་དྲ་མིག་ཁྲིམས་སྐྱོང་ཞབས་ཞུ་ས་ཚིགས་འཛུགས་པ། ཁྲིམས་དཔོན་རྣམས་གྲོང་ཚོ་ཁག་གི་དྲ་མིག་བཅོས་སྐྱོང་ལས་དོན་ནང་ཞུགས་སུ་འཇུག་པ་བཅས་བྱས་ནས་ཁྲིམས་དཔོན་གྱིས་གཞི་རིམ་དུ་ཞབས་འདེགས་ཞུ་རྒྱུར་སྐུལ་འདེད་བཏང་ཡོད། གྲོང་ཚོ(སྡེ་ཁུལ)ཁག་གི་ཁྲིམས་སྐྱོང་བྱ་ཡུལ་འཐུས་སྒོ་ཚང་དུ་བཏང་ཞིང་། ཁྲིམས་སྐྱོང་གི་དཔེ་དེབ་སྣ་ཚོགས་1000ལྷག་ཙམ་སྤྲད་པ་དང་། ཁྲིམས་དཔོན་དང་ཁྲིམས་དཔོན་གྱི་ལས་རོགས་སྲིད་འཛིན་གྲོང་ཚོ་ཁག་ཏུ་ཁྲིམས་སྐྱོང་གྲོང་དཔོན་དང་བཅའ་ཁྲིམས་བློ་འདོན་པར་མངགས་ཏེ། ཁྲིམས་སྐྱོང་གྲོང་དཔོན་དང་བཅའ་ཁྲིམས་བློ་འདོན་པ་དུས་བཀག་ལྟར་དྲ་མིག་ལ་འབྱོར་ཐོ་འགོད་པའི་ལམ་སྲོལ་བཙུགས་པ་དང་། འཐབ་ཕྱོགས་དང་པོར་ཁྲིམས་ལུགས་ཁྱབ་གདལ་དང་། འགལ་ཟླ་འདུམ་འགྲིག ཞུ་གཏུག་འབྱུང་ཁུངས་བཅོས་སྐྱོང་། མང་ཚོགས་གཏུག་བཤེར་སོགས་ཐད་ཀྱི་ཁྲིམས་སྐྱོང་གྲོང་དཔོན་དང་བཅའ་ཁྲིམས་བློ་འདོན་པའི་ནུས་པ་གལ་ཆེན་འདོན་སྤེལ་བྱས་པ་བརྒྱུད། མང་ཚོགས་ཚོས་ཁྱིམ་གྱི་སྒོ་འགྲམ་ནས་ཁྲིམས་འཛིན་ཞབས་ཞུ་ལོངས་སྤྱོད་ཐུབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།