དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སྨན་གླིང་གྲོང་ཁྱེར་གྱིས་རྒན་གསོ་ཁང་དུ་རྒྱལ་གཅེས་གློག་བརྙན་བསྟན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-02

    རྒན་རྒོན་ལ་བརྩི་བཀུར་དང་རྒན་རྒོན་ལ་གཅེས་སྐྱོང་བྱེད་པའི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་སྔར་བས་དར་སྤེལ་བཏང་ནས། མང་ཚོགས་ཀྱི་རིག་གནས་འཚོ་བའི་སྐྱིད་སྣང་དང་ཐོབ་སྣང་ཆེ་རུ་གཏོང་བ་དང་རྒན་རྒོན་ཚོའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆེད། ཉེ་ཆར། སྨན་གླིང་གྲོང་ཨུད་དྲིལ་བསྒྲགས་པུས་འགོ་ཁྲིད་དེ་སྨན་གླིང་གྲོང་ཁྱེར་གྱི་གྲོང་གསེབ་གློག་བརྙན་རུ་ཁག་སྒྲིག་འཛུགས་བྱས་ནས“རྒན་རྒོན་ལ་གཅེས་སྐྱོང་གིས་བདེ་ཐང་ཡོང་བར་བྱེད། གློག་བརྙན་བསྟན་ནས་དམངས་སེམས་དྲོ་བར་བྱེད་པའི”རྒྱལ་གཅེས་གློག་བརྙན་སྟོན་པའི་བྱེད་སྒོ་རྒན་གསོ་ཁང་དུ་སྤེལ་བ་རེད།

    སྨན་གླིང་གྲོང་ཁྱེར་གྱི་རྒན་རྒོན་གཅིག་སྡུད་བསྙེན་བཀུར་ལྟེ་གནས(རྒན་གསོ་ཁང)ཀྱི་འགན་འཁུར་བས། “རྒན་རྒོན་མང་ཆེ་བ་འགྲོ་སྐྱོད་མི་བདེ་ལ། དུས་རྒྱུན་གློག་བརྙན་ལྟ་བའི་གོ་སྐབས་ཀྱང་ཧ་ཅང་ཉུང་ཉུང་རེད། ད་རེས་སྨན་གླིང་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་གློག་བརྙན་རུ་ཁག་གིས་དེ་གར་གློག་བརྙན་བསྟན་པས། རྒན་རྒོན་ཚོའི་བསམ་འདུན་འགྲུབ་པ་མ་ཟད། རྒན་རྒོན་ཚོའི་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་བྱེད་པའི་བརྩེ་སེམས་ཀྱང་སྔར་བས་ཟབ་ཏུ་ཕྱིན་ནས་ཁོང་ཚོས་ཐུགས་ཁུར་དང་གཟིགས་སྐྱོང་ཏན་ཏིག་ཚོར་ཐུབ་པ་བྱུང་ཡོད”ཅེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།