དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • མལ་གྲོ་གུང་དཀར་རྫོང་གིས“ཡུལ་སྐོར་དང་། མངོན་མིན་རིག་གནས་ཤུལ་བཞག དུས་བཞི་གྲོང་ཚོའི་མཚན་ཚོགས”ཟུང་འབྲེལ་གྱི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-02

    ཉེ་ཆར། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་རུ་ཐོག་ཤང་མལ་གྲོ་གུང་དཀར་རྫོང་རི་མང་གངས་ཤུད་ཐང་དུ་2024ལོའི་དུས་ཚིགས་དང་པོའི“ཡུལ་སྐོར་དང་། མངོན་མིན་རིག་གནས་ཤུལ་བཞག དུས་བཞི་གྲོང་ཚོའི་མཚན་ཚོགས”ཟུང་འབྲེལ་གྱི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་ཁུལ་བཀོད་སྒྲིག་བྱས་ནས་འབྲི་གུང་སྤོས་བཟོའི་ལག་རྩལ་དང་། སྟག་ཕུ་གླིང་གི་གྱོན་གོས། འབྲི་གུང་ཨན་ཏའི་ངོ་སྦྱར་སོགས་ཕུལ་བྱུང་གི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་10ལྷག་ཙམ་འགྲེམས་སྟོན་བྱས་ཡོད།

    ས་གནས་ས་ཐོག་ཏུ་ད་དུང་ངོ་མཚར་ཆེ་བའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས་ཤིང་། མལ་གྲོ་གུང་དཀར་རྫོང་སྲོང་བཙན་སྒྱུ་རྩལ་ཚོགས་པ་དང་། རུ་ཐོག་ཤང་ལྷ་ལུང་གྲོང་ཚོའི་རིག་རྩལ་རུ་ཁག རུ་ཐོག་ཤང་གཉན་གྲོང་ཚོའི་རིག་རྩལ་རུ་ཁག་སོཌ་ཀྱིས《མལ་གྲོའི་སྒོར་གཞས》སོགས་མལ་གྲོ་གུང་དཀར་རྫོང་གི་ཁྱད་ཆོས་ལྡན་པའི་གླུ་གར་ལེ་ཚན་འཁྲབ་སྟོན་བྱས་པས་ལྟད་མོ་བའི་ཡིད་དབང་རབ་ཏུ་འཕྲོག་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།