དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཕན་འབྲས་ཆེ་བའི་གྱོད་ཆུང་གཉེར། མི་སེམས་དྲོ་བའི་དོན་ཆུང་བསྒྲུབས།

    —— གྲོ་མོ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་རང་འགུལ་བྱ་སྤྱོད་སྤེལ་ནས་ཉེས་ཆུང་བཅོས་སྒྲིག་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-02

    2021ལོ་ནས་གྲོ་མོ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཉེས་ཆུང་བཅོས་སྒྲིག་དང་ཞིབ་དཔྱོད་གྱོད་སྒྲུབ་ཟུང་འབྲེལ་དམ་ཟབ་བྱས་ནས་གྱོད་གཞི་སྒྲུབ་གཉེར་གྱི“ཕན་འབྲས་གསུམ”གཅིག་གྱུར་ནུས་ལྡན་ཡོང་བར་བྱས།

    རང་ཉེས་ངོས་ལེན་དང་ཉེས་ཆད་དང་ལེན་བྱས་པར་གུ་ཡངས་གཏོང་བའི་ལམ་ལུགས་ལག་བསྟར་དོན་འཁྱོལ་ནན་པོ་བྱས་པ།

    2021ལོ་ནས་བཟུང་། གྲོ་མོ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་རང་ཉེས་ངོས་ལེན་དང་ཉེས་ཆད་དང་ལེན་བྱས་པར་གུ་ཡངས་གཏོང་བའི་ལམ་ལུགས་གཞི་རིམ་དུ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། ལས་རེས་ཁྲིམས་རྩོད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཉེས་གསོག་དོགས་ཅན་དང་ཞུ་སྦྱོར་ཕྱི་མར་སྲིད་ཇུས་དང་ཁྲིམས་སྲོལ་འགྲེལ་བཤད་བརྒྱབ་སྟེ། ཉེས་གསོག་དོགས་ཅན་གྱིས་ཤེས་རྟོགས་གང་ལེགས་ཐུབ་པ་བྱས་ཁར། ཉེས་ཆུང་གྱོད་གཞིར་རང་ཉེས་ངོས་ལེན་དང་ཉེས་ཆད་དང་ལེན་སྤྱོད་གོ་ཆོད་ཚད་97%ཟིན་ཡོད།

    གུ་ཡངས་དང་ནན་པོ་ཟུང་དུ་འབྲེལ་བའི་ཉེས་དོན་སྐོར་གྱི་སྲིད་ཇུས་ལག་བསྟར་དོན་འཁྱོལ་ནན་པོ་བྱས་ཤིང་། སྔ་ཕྱི་བར་གསུམ་དུ་གུ་ཡངས་དང་ནན་པོ་ཟུང་དུ་འབྲེལ་ཞིང་། ཆད་ཉེས་འཚམ་མཐུན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཉེས་གསོག་དོགས་ཅན་གྱིས་རང་ཉེས་ངོས་ལེན་ཇི་མ་ཇི་བཞིན་ཞུ་བ་དང་། རང་ཉེས་འགྱོད་བཤགས་དང་ཕ་རོལ་པོའི་བསམ་ཤེས་ཐོབ་པ། སྤྱི་ཚོགས་ལ་གནོད་སྐྱོན་དེ་ཙམ་མེད་པ་སོགས་ཀྱི་གནས་ཚུལ་ལ་འདུམ་འགྲིག་བྱེད་པ། ལོ་གསུམ་མན་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་གཅོད་སྲིད་པའི་རང་ཉེས་ངོས་ལེན་དང་ཉེས་ཆད་དང་ལེན་གྱི་གྱོད་གཞི་ཁྲིམས་ལྟར་སྟབས་བདེ་པོས་ཐག་གཅོད་མགྱོགས་མྱུར་བྱས་ཏེ་གྱོད་གཞི་ཆུང་ངུ་མགྱོགས་མྱུར་ཐག་གཅོད་ཏན་ཏིག་བྱས་པ་མ་ཟད། ཉེས་ཆད་ཕྱིར་འགྱངས་དང་བྱས་ཉེས་ཚད་འབེབས་ཀྱི་གྲོས་འགོ་འདོན་སྲིད་པའི་ཉེས་ཆུང་གྱོད་གཞིར་སྤྱི་ཚོགས་ལ་དཔྱད་དཔོག་དང་བརྟག་དཔྱད་བྱས་ཚད“100%”ཁྱབ་ཡོད།

    ཉེས་པ་དང་འགན་འཁྲི་ཁྲིམས་ཆད་གསུམ་ཕན་ཚུན་འཚམ་པའི་རྩ་དོན་ལག་བསྟར་དོན་འཁྱོལ་ནན་པོ་བྱས་ཤིང་། ཉེས་ཆུང་གྱོད་གཞིར་གནད་འཁེལ་དང་། གུ་ཡངས། ནར་འགྱངས་བཅས་ཀྱི་བྱས་ཉེས་ཚད་འབེབས་ཀྱི་གྲོས་འགོ་བཏོན་པ་དང་། བྱས་ཉེས་ཚད་འབེབས་ཀྱི་གྲོས་འགོ་འདོན་ཚད་གྱི་བསྡུར་གྲངས་98%ཟིན་པ་དང་བྱས་ཉེས་ཚད་འབེབས་ཀྱི་གྲོས་འགོ་དང་ལེན་བྱེད་ཚད་100%ཟིན་ནས་བྱས་ཉེས་ཚད་འབེབས་ཀྱི་གྲོས་འགོ་བཏོན་པ་དེ་ཆད་ཉེས་འཚམ་མཐུན་ཡོང་བར་འགན་ལེན་བྱས་ཁར། ཆད་ཉེས་དོ་མི་སྙོམས་པའི་གནས་ཚུལ་མི་ཐོན་པ་བྱས་ཡོད།

    ཉེས་ཆུང་གྱོད་གཞིར་ཁུངས་འདེད་བཅོས་སྒྲིག་བྱས་པ།

    2021ལོ་ནས་བཟུང་། གྲོ་མོ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་སྤུས་འབྲས་ལེགས་གཉེར་ཐད་ཐབས་ཇུས་འདོན་པ་དང་མཉམ་འདྲེས་བཅོས་སྐྱོང་ཐད་བྱ་ཐབས་བཙལ་ནས་ཉེས་ཆུང་གྱོད་གཞི་བཅོས་སྒྲིག་མ་ལག་ཟམ་མི་ཆད་པར་ལེགས་སུ་བཏང་ཡོད།

    ཆ་འཕྲིན་གྱི་བཀག་རྒྱ་གཏོར་ཞིང་། “ཉེས་དོན་ཞིབ་དཔྱོད་དང་སྲིད་འཛིན་ཞིབ་དཔྱོད་ཟུང་འབྲེལ”གྱི་མཉམ་འདྲེས་འགན་འཁུར་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། ཁྲིམས་ཆད་ལྡོག་ཕྱོགས་ནས་འབྲེལ་མཐུད་ཡག་པོ་མུ་མཐུད་བྱས་ཏེ་ཁྲིམས་ཆད་ལྡོག་ཕྱོགས་འབྲེལ་མཐུད་ཀྱི་ལས་ཆོད་ཆེ་རུ་བཏང་བ་དང་གནད་ལ་འཁེལ་ཚད་ཆེ་རུ་བཏང་བ། ཁྲིམས་སྦྱོར་མི་བྱེད་པའི་གྱོད་གཞིའི་སྲིད་འཛིན་ཆད་གཅོད་ཀྱི་དགོས་ངེས་རང་བཞིན་ལ་གསལ་བཤད་བརྒྱབ་ནས་ཞིབ་དཔྱོད་བསམ་འཆར་14བཟོས་ཏེ། ཁྲིམས་སྦྱོར་མི་བྱེད་པའི་གྱོད་གཞི་གཏུག་བཤེར་མི་བྱེད་པར་རང་དགར་འཇོག་པའི་གནས་ཚུལ་གཏན་འགོག་བྱས་ཡོད།

    ཉེས་ཆུང་གྱོད་གཞིར་ཞིབ་དཔྱོད་དང་ཉེན་རྟོག་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ཞིང་། “མྱུལ་ཞིབ་ལྟ་སྐུལ་དང་གཞོགས་འདེགས་གཞུང་ལས་ཁང”ལ་བརྟེན་ནས་ཞིབ་དཔྱོད་དང་ཉེན་རྟོག་མཉམ་སྡོད་མཉམ་སྦྱོང་གི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ་གྲུབ་ཡོད། དེ་དང་ཆབས་ཅིག་མྱུལ་ཞིབ་ལས་ཁུངས་ཀྱིས་དཔང་རྟགས་འཚོལ་བསྡུ་ཚད་ལྡན་མེད་པ་སོགས་ཀྱི་གནད་དོན་48ལ་དམིགས་ཏེ་དམིགས་སའི་རང་བཞིན་གྱི་བསམ་འཆར་བཏོན་ནས་མྱུལ་ཞིབ་ལས་ཁུངས་ཀྱི་གྱོད་སྒྲུབ་སྤུས་ཚད་མཐོ་རུ་གཏོང་རོགས་བྱས་ཡོད།

    སྤྱི་ཚོགས་བཅོས་སྒྲིག་གི་ཉེས་ཆུང་གྱོད་གཞིའི་ལས་དོན་ཡག་པོ་སྒྲུབ་པ།

    ཉེས་ཆུང་གྱོད་གཞི་དེ་སྤྱི་ཚོགས་བཅོས་སྒྲིག་དང་། ལྷག་པར་དུ། གཞི་རིམ་བཅོས་སྒྲིག་དང་ཐད་ཀར་འབྲེལ་བ་ཡོད། 2021ལོ་ནས་བཟུང་གྲོ་མོ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་མཉམ་འགུལ་བཅོས་སྒྲིག་ལ་སྐུལ་འདེད་བཏང་སྟེ་ཁུངས་འདེད་བཅོས་སྒྲིག་གི་ལས་དོན་ཡག་པོ་བསྒྲུབས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།