དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལེ་ཧྥུང་སྙིང་སྟོབས་དར་སྤེལ་བཏང་། དུས་བདེའི་འཚོ་བ་གཏོད་པར་གཞོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-02

    དང་བླངས་པས་གྲོང་མིར་མེ་གསོད་ཡོ་ཆས་བདག་སྐྱོང་ཉམས་གསོ་དང་བེད་སྤྱོད་བྱེད་སྟངས་སློབ་བཞིན་པ།

    མེ་གསོད་དྲིལ་བསྒྲགས་མི་སྣས་ལམ་རྒྱུད་ཀྱི་ཚོང་ཁང་དུ་མེ་སྐྱོན་སྔོན་འགོག་གི་བདེ་འཇཌ་ཤེས་བྱ་ཁྱབ་གདལ་གཏོང་བཞིན་པ།

    མེ་གསོད་དྲིལ་བསྒྲགས་པས་གློག་སྒུལ་སྦག་སྦག་གཏོང་མཁན་ལ་གློག་སྒུལ་སྦག་སྦག་ཡག་པོ་གཏོང་བ་དང་ཡག་པོ་འཇོག་དགོས་པའི་ཁྲིད་སྟོན་བྱེད་བཞིན་པ།

    ཉེ་ཆར། མངའ་རིས་ས་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་གོ་སྐབས་སུ་བྱས་ཏེ། ས་ཁུལ་གྱི་མེ་ཟོན་དྲིལ་བསྒྲགས་ཡན་ལག་རུ་ཆུང་དང་མེ་གསོད་དང་བླངས་པ་སྒྲིག་འཛུགས་བྱས་ནས་སྡེ་ཁུལ་དང་། ཚན་པ། ལམ་རྒྱུད་ཀྱི་ཚོང་ཁང་སོགས་ཀྱི་མེ་སྐྱོན་ཐོན་སླ་བ་དང་མེ་སྐྱོན་ཐོན་མང་བའི་ས་ཁོངས་སུ་བསྐྱོད་དེ། མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་བའི་གཅིག་སྡུད་འགག་སྒྲོལ་བཅོས་སྒྲིག་ཆེན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།