དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • དངོས་འཐབ་དམག་སྦྱོང་བྱས། མཁོ་ཆོད་རྩལ་ནུས་བསླབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-02

    རྒྱལ་རྩེ་རྫོང་གི་ཡུལ་དམག་གིས་རྒྱལ་རྩེ་རྫོང་རིའི་དཔའ་བོའི་དྲན་གསོའི་རྡོ་རིང་མདུན་དུ་དམ་བཅའ་འཇོག་བཞིན་པ།

    རྒྱལ་རྩེ་རྫོང་གི་ཡུལ་དམག་ལ“གཡུལ་སའི་རོགས་སྐྱོབ”བྱེད་སྟངས་སློབ་བཞིན་པ།

    རྒྱལ་རྩེ་རྫོང་གི་ཡུལ་དམག་གིས་དམར་ཕྱིའི་འོད་ཀྱི་ཚ་ནུས་བརྙན་གྲུབ་ཀྱི་མི་མེད་གནམ་གྲུ་དང་འབྲེལ་བ་ཡོད་པའི་རྣམ་གྲངས་ཀྱི་སྦྱོང་བརྡར་བྱེད་བཞིན་པ།

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་མི་དམངས་དྲག་ཆས་པུའི་ཡུལ་དམག་གཅིག་སྡུད་སྦྱོང་བརྡར་ལྟེ་གནས་སུ། མི་མེད་གནམ་གྲུའི་ཡུལ་དམག་ཆེད་ལས་ཡན་ལག་རུ་ཁག་གི་དམག་སྦྱོང་རྣམ་པར་མི་རྣམས་ཧང་སངས་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ལས་བྱེད་པ་དང་ཡུལ་དམག་ལ་རྣམ་གྲངས་དབྱེ་ནས་གཅིག་སྡུད་སྦྱོང་བརྡར་བྱས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས“འཕྲལ་སྡོམ་རྣམ་གྲངས་ལྔ”དང“འཕྲལ་རྒོལ་རིགས་དྲུག”གི་གསོ་སྦྱོང་གི་ནང་དོན་བཀོད་སྒྲིག་བྱས་ཤིང་། དེའི་ནང་མི་མེད་གནམ་གྲུས་མཁའ་དབྱིངས་ནས་འབོད་བརྡ་གཏོང་བ་དང་། དམར་ཕྱིའི་འོད་ཀྱི་ཚ་ནུས་བརྙན་གྲུབ་ཀྱི་ནགས་ཚལ་མེ་ཟོན་ཉེན་བརྡ། གཡུལ་སའི་རོགས་སྐྱོབ་སོགས་ཀྱི་སྦྱོང་བརྡར་རྣམ་གྲངས་ཁག་5ཚུད་ཡོད་པས། ས་གནས་དེ་གའི་ཡུལ་དམག་གི་འཕྲལ་སྡོམ་ཐག་གཅོད་བྱེད་ནུས་སྔར་བས་ཆེ་རུ་འགྲོ་བར་སྐུལ་འདེད་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།