དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ཆབ་མདོས་དངུལ་ཁང་དང་སྦྲག་སྲིད་མཉམ་ལས་ཀྱིས་ཁ་བསླུས་དང་བཙོག་དངུལ་གཙང་སྒྱུར་ལ་ངོ་རྒོལ་བྱེད་པའི“སྒུལ་བདེའི་དྲིལ་བསྒྲགས་མཁར་རྫོང”བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-02

    འདི་ནི་ཀྲུང་གོ་སྦྲག་སྐྱེལ་རླངས་འཁོར་གྱི་མངོན་གསལ་དོད་སར་སྦྱར་བའི་ཁ་བསླུས་ངོ་རྒོལ་གྱི་དྲན་སྐུལ་ཡི་གེ་ཡིན་པ།

    འདི་ནི་ཀྲུང་གོ་སྦྲག་སྐྱེལ་རླངས་འཁོར་གྱི་མཇུག་ཏུ་སྦྱར་བའི་དྲིལ་བསྒྲགས་བརྡ་ཁྱབ་ཡིན་པ།

    ཉེ་བའི་ལོ་ཤས་རིང་། མི་དམངས་དངུལ་ཁང་ཆབ་མདོ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་ཀྲུང་གོ་སྦྲག་སྲིད་ཚོགས་པ་ཚད་ཡོད་ཀུང་སི་ཆབ་མདོ་གྲོང་ཁྱེར་ཡན་ལག་ཀུང་སི་དང་ཟུང་འབྲེལ་གྱིས་ཆབ་མདོ་གྲོང་ཁྱེར་ཁོངས་གཏོགས་ཡོངས་སུ་སྦྲག་སྲིད་ཤར་གཏོང་ཐུབ་པ་དང་ཁྱབ་རྒྱ་ཆེ་བའི་ལེགས་ཆར་བརྟེན་ནས། སྦྲག་སྐྱེལ་རླངས་འཁོར་དང་འཁོར་གསུམ་རླངས་འཁོར་སོགས་སྐྱེལ་འདྲེན་རླངས་འཁོར་དང་སྦྲག་བསྐུར་ཐུམ་སྒྲིལ་གྱི་ཕྱི་ཤོག་སོགས་མངོན་གསལ་དོད་སར་ཁ་བསླུས་དང་བཙོག་དངུལ་གཙང་སྒྱུར་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་སྦྱར་ཡིག་སྦྱར་ཏེ། གྲོང་ཁྱེར་ཡོངས་ཀྱི་སྦྲག་སྐྱེལ་བ་400ཙམ་དང་། སྦྲག་སྐྱེལ་རླངས་འཁོར་98 མྱུར་སྐྱེལ་ཐུམ་སྒྲིལ་མང་པོ་བཅས་དྲིལ་བསྒྲགས་ཕོ་ཉར་གྱུར་ནས་ཁ་བསླུས་དང་བཙོག་དངུལ་གཙང་སྒྱུར་ངོ་རྒོལ་གྱི་ཤེས་བྱ་དུད་ཚང་ཁྲི་སྟོང་མང་པོར་དུས་ཐོག་ཏུ་ཁྱབ་གདལ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།