དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལོ་8བྲོས་བྱོལ་དུ་སོང་བའི་དུག་འབྲེལ་དྲ་རྒྱའི་བྲོས་བྱོལ་པ་ཞིག་བཟུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-02

    ཉེ་ཆར། ཀན་སུའུ་ཉེན་རྟོགས་ཕྱོགས་ཀྱི་གཞོགས་འདེཌ་ཤུགས་ཆེན་འོག གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་དུག་འགོག་ཉིང་ལག་རུ་ཁག་གིས་ལོ་8བྲོས་བྱོལ་དུ་སོང་བའི་དུག་འབྲེལ་དྲ་རྒྱའི་བྲོས་བྱོལ་པ་ཞིག་བདེ་བླག་ངང་བཟུང་བ་རེད།

    ཤེས་རྟོགས་བྱུང་བར་གཞིཌ་ན། 2016ལོའི་ཟླ་9པར། ཉེས་གསོག་དོགས་ཅན་མཱ་ཆེ་གེ་མོར་དུག་རྫས་ཧའེ་ལུའོ་དབྱིན(སྤྱི་རྒྱ་1ཙམ)སྐྱེལ་འདྲེན་གྱི་དོགས་གཞི་ཡོད་པར་བརྟེན། གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་དུག་འགོག་ཉིང་ལག་རུ་ཁག་གིས་དྲ་ཐོག་ནས་རྗེས་འདེད་བཏང་བ་རེད། གྱོད་གཞི་ཐོན་རྗེས་དུག་འགོག་མི་དམངས་ཉེན་རྟོག་པས་ཐོག་མཐའ་བར་གསུམ་དུ“བྲོས་བྱོལ་དུ་སོང་བའི་ཉེས་ཅན་འཛིན་བཟུང་མ་ཐུབ་པར་མཚམས་མི་འཇོག་པའི”དད་སེམས་མཐའ་འཁྱོངས་ཀྱིས་རྗེས་འདེད་ལས་དོན་མུ་མཐུད་སྤེལ་བ་དང་། ལྷག་པར་དུ་དུག་རྫས“འབྱུང་རྩ་ནས་འགོག་པའི”བྱ་སྤྱོད་དང“རྗེས་འདེད་ལ་དམ་པོར་དམིགས་པའི”ལས་དོན་སྤེལ་ཚུན། གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ནས། ཉེན་རྟོག་པའི་སྟོབས་ཤུགས་ཧྲག་པོ་སྐོང་འཐེན་གྱིས་ཉེས་གསོག་དོགས་ཅན་གྱི་ཐེམ་ཐོ་ཡོད་སར་བསྐྱོད་དེ། ཕྱོགས་གཅིག་ནས་འདྲི་རྩད་བརྟག་དཔྱད་དང་ཁུངས་སྣེ་བཙལ་འཚོལ་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་བརྩེ་བ་ཟབ་མོས་བློ་འགུག་ཐབས་བྱས་ནང་མིར་ཉེས་གསོག་དོགས་ཅན་གྱིས་རང་ཉེས་ངོས་ལེན་ཞུས་ཏེ་གུ་ཡངས་ཐོབ་ཐབས་བྱེད་དགོས་པའི་ལྕག་སྐུལ་ཧུར་ཐག་བྱས་པ་རེད།

    མི་ལ་བརྩོན་འགྲུས་ལྡན་གྱུར་ན། མི་འགྲུབ་བྱ་བ་གང་ཡང་མེད། ད་ལོའི་ཟླ་3པའི་ཚེས་1ཉིན། དུག་འགོག་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པས་འདྲི་རྩད་བརྟག་དཔྱད་དང་དབྱེ་ཞིབ་བརྡར་གཅོད་ཐེངས་མང་བྱས་པ་དང་། ཀན་སུའུ་ཡི་ཉེན་རྟོག་ཕྱོགས་དང་མཐུན་སྦྱོར་འབྲེལ་མཐུད་ཧུར་ཐག་བྱས་པས། ལོ་8ཙམ་བྲོས་བྱོལ་དུ་སོང་བའི་དུག་འབྲེལ་ཉེས་གསོག་དོགས་ཅན་མཱ་ཆེ་གེ་མོ་བདེ་བླག་ངང་བཟུང་བ་མ་ཟད། ཟླ་3ཚེས་7ཉིན་ཁྲིམས་ལ་སྦྱར་བ་དང་འབྲེལ་ཁྲིམས་ལྟར་ཉེས་དོན་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་པ་རེད།

    མིག་སྔར་གྱོད་གཞི་དེ་སྔར་བཞིན་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།