དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷོ་ཁའི་སྤྱི་བདེས་ཁྲིམས་དང་མི་མཐུན་པའི་ཚོང་གཉེར་གྱི་གྱོད་གཞི་ཞིག་རྩད་ཆོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-02

    ཉེ་ཆར། སྣ་དཀར་རྩེ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་ལ་ལྷོ་ཁ་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱིས་རྩིས་སྤྲོད་བྱས་པའི་ཁོངས་གཏོགས་ཁུལ་གྱི་སྒོ་རྩིས་ཚོང་ཁང་ཞིག་ནས་ཁྲིམས་དང་མི་མཐུན་པར་ཐ་མག་འཚོང་བའི་ཁུངས་སྣེ་འབྱོར་རྗེས། ཉེས་དོན་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་འཕྲལ་མར་མྱུལ་ཞིབ་བྱས་པ་རེད། བཅར་འདྲི་དང་བརྟག་དཔྱད་ཀྱི་ལས་དོན་འབོར་ཆེན་སྤེལ་བ་དང་གྲལ་བཤེར་གཏིང་ཟབ་བྱས་པ་བརྒྱུད་ཁོངས་གཏོགས་ཁུལ་གྱི་སྒོ་རྩིས་ཚོང་ཁང་ཞིག་གི་གཉེར་སྐྱོང་མི་སྣ་སུན་ཆེ་གེ་མོས《རྡོ་ཐ་ཆེད་འཚོང་སིལ་ཚོང་གི་ཆོག་འཐུས་ལག་ཁྱེར》མེད་པའི་གནས་ཚུལ་འོག ལྷ་ས་གྲོང་ཁྱེར་གྱི་ཐ་མག་དང་ཨ་རག་ཚོང་ཁང་ཞིག་ནས་ཐ་མག་སྡེབ་ཉོ་བྱས་ནས་སྣ་དཀར་རྩེ་རྫོང་ཁོངས་སུ་འཚོང་གི་ཡོད་པ་ཤེས་རྟོགས་བྱུང་བ་རེད། མྱུལ་ཞིབ་མི་དམངས་ཉེན་རྟོག་པས་འཕྲལ་མར་དཔང་རྟགས་གཏན་འཁེལ་བྱས་ནས་ལྟ་སྡོམ་ནན་པོ་དང་འཕྲལ་ཐག་ཆོད་པོས་བྱ་སྤྱོད་སྤེལ་བ་བརྒྱུད། ཚོང་ཁང་ནས་ཉེས་གསོག་དོགས་ཅན་སུན་ཆེ་གེ་མོ་བཟུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།