དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་གིས་ངལ་རྩོལ་གན་རྒྱའི་རྩོད་གཞི་ཞིག་འདུམ་འགྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-02

    ཉེ་ཆར་ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་གིས་ངལ་རྩོལ་གན་རྒྱའི་རྩོད་གཞི་ཞིག་བདེ་བླག་ངང་བསྡུམས་ཏེ། བསྟན་ཆེ་གེ་མོ་སོགས་ཞིང་པ་ལས་མི་36ལ་ངལ་རྩོལ་ཐོབ་ཆ་སྒོར་ཁྲི་11.73ལེན་རོགས་བྱས་ནས་ཞིང་པ་ལས་མིའི་དཀའ་ངལ་ཏན་ཏིག་བསལ་ཡོད།

    ཉེ་ཆར། ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་ལ་བསྟན་ཆེ་གེ་མོ་སོགས་མི་36གིས་ཅང་ཆེ་གེ་མོས་ངལ་རྩོལ་ཐོབ་ཆ་སྒོར་ཁྲི་11.73སྤྲད་མེད་པས་ཅང་གེ་ཆེ་མོར་ཞུ་གཏུག་རྒྱག་པའི་ངལ་རྩོལ་གན་རྒྱའི་རྩོད་གཞི་ཞིག་འབྱོར། གྱོད་གཞི་དེ་བདག་སྤྲོད་བྱས་རྗེས། ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་གིས་འཕྲལ་མར་ཞུ་སྦྱོར་སྔ་མའི་ས་ནས་གནས་ཚུལ་ཤེས་རྟོགས་བྱས་ཤིང་། འགལ་བ་དང་རྩོད་གཞི་གང་མགྱོགས་བསལ་ནས་དོ་བདག་གི་གཏུག་བཤེར་མ་གནས་ཉུང་དུ་གཏོང་ཆེད། སྒྲུབ་འགན་འཁུར་མཁན་ཁྲིམས་དཔོན་གྱིས“ངོ་ཐུག་མི་བྱེད་པའི”བྱེད་སྟངས་ལ་བརྟེན་ནས་ཕྱོཌ་གཉིས་པོ་སོ་སོར་གྲོས་མོལ་དང་། འདུམ་འགྲིག བསམ་འཆར་ཉན་པ་སོགས་བྱས་པ་དང་། གནད་དོན་གྱི་འགག་རྩ་བཙལ་ནས་ཕྱོགས་གཉིས་པོའི་ཁོང་ཁྲོ་འཇགས་པར་བྱས་ཤིང་། འབྲེལ་གཏུག་ཐེངས་མང་བྱས་པ་བརྒྱུད། མཐར་ཕྱོགས་གཉིས་པོའི་དབར་བསམ་ཚུལ་གཅིག་མཐུན་བྱུང་ནས་ཉིན་དེ་རང་ལ་ཞུ་སྦྱོར་ཕྱི་མས་ཞུ་སྦྱོར་སྔ་མར་དངུལ་སྨར་སྒོར་ཁྲི་11.73སྤྲད་པ་དང་ཞུ་སྦྱོར་སྔ་མས་བྱུང་འཛིན་བྲིས་ཏེ་ངལ་རྩོལ་གན་རྒྱའི་རྩོད་གཞི་དེ་བདེ་བླག་ངང་བསལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།